སུད་སི་མདོ་སྨད་རྒྱུན་ལས་ངོས་ནས་༧ རྒྱལ་བའི་ཞབས་རིམ་དམིགས་བསལ་གོ་སྒྲིག་བྱས།
ཕྱི་ལོ་༢༠༢༢ ཟླ་༣་ཚེས་༢༠་ཉིན་སུད་སི་མདོ་སྨད་ས་གནས་རྒྱུན་ལས་གོ་སྒྲིག་འོག ཉེ་ལམ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁང་གི་བཀའ་ཁྱབ་ལྟར། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་། མཛད་འཕྲིན་རྒྱས་པ། བོད་འབངས་བསོད་ནམས་བསག་ཐབས་བཅས་སུ་དམིགས་ཏེ། བོད་མིའི་སྡོད་སྒར་ཁག་ནང་བོད་ཟླ་དང་པོའི་ནང་ཚུད། ཡུལ་ཁྲུས་དང་འབྲེལ་བསང་གསོལ། རླུང་རྟ་དར་འཛུག སྲུང་མ་སྤྱིའི་འཕྲིན་སྐུལ། ངན་སློང་ལ་སྦྱིན་པ་དང་། བྱིས་སྟོན་དེ་བྱིས་པར་གསོལ་ཚིགས་འདྲེན་པ་སོགས་དགེ་སྐུལ་སྤྱི་སྒེར་གཉིས་ནས་ཡོང་རེ་སྙམ་པ་ཞེས་གསལ་བསྒྲགས་གནང་བ་བཞིན། སུད་སི་རི་ཀོན་ཆོས་འཁོར་དགོན་དུ་མཁན་བླ་དགེ་འདུན་རྣམས་ཀྱིས་གཙོས་མི་མང་ལྷན་འཛོམས་གྱིས་ཞབས་རིམ་ཞིག་གོ་སྒྲིག་གནང་སོང་།
ཀླུ་མོ་ལྷ་མོ་དོན་འགྲུབ་ཀྱིས་གསུངས་བའི་རང་གི་ལོ་རྒྱུས་མདོར་བསྡུས།
ང་སྤྱི་ལོ༡༩༣༦་ལོའི་ཟླ་༤་ཚེས་༡༥ཉིན་མཚོ་སྔོན་ཞིང་ཆེན་སྐུ་འབུམ་ལྷ་སྡེ་རུ་སྐྱེས་པ་དང་།ཕ་མིང་ལ་དོན་འགྲུབ་དང་མ་མིང་ལ་སྒྲོལ་མ་ཟེར་གྱི་ཡོད། བུ་གཉིས་དང་བུ་མོ་གཉིས་བཅས་མིང་སྲིང་བཞི་ཡོད། ངའི་ཕ་དམ་པ་ང་ཆུང་དུས་ནས་དགོངས་པ་རྫོགས་པ་དང་ཨ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་ཡིན། ལོ་བཅུ་གསུམ་བར་དུ་སློབ་གྲྭར་འགྲོ་མྱོང་ཡོད། སྐབས་དེར་ངེད་ཚང་གི་འཚོ་རྟེན་གཙོ་བོ་ཞིང་ལས་དང་ཕྱུག་ཟོག་གང་ལ་གང་འཚམ་ཡོད། ཞིང་ས་ཆེན་པོ་ཡོད་པ་དང་ཚལ་སོགས་བཏབ་ནས་འཚོ་བ་ཧ་ཅང་ཡག་པོ་དང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་ཁྱིམ་ཚང་ཚད་ལྡན་ཞིག་ཡིན། ད་དུང་ཕིན་སོགས་བཟོས་ནས་ཚོང་ལས་ཆུང་ཆུང་ཞིག་ཀྱང་གཉེར་ཡོད། ངའི་ཨ་ཕའི་སྤུན་མཆེད་ཞིག་ལྷ་ས་ན་ཡོད། ཁོང་གི་ང་ཚོ་ནང་མི་ལ་རོགས་རམ་དང་ཕན་ཐོགས་ཆེན་པོ་བྱུང་ཡོད། ང་སྐྱེས་དུས་ད་དུང་ང་ཚོའི་ས་ཆ་ལ་རྒྱ་མི་སླེབས་མེད། ང་ལོ་བཅུ་གསུམ་ལ་སླེབས་པའི་རྗེས་ནས་རྒྱ་མི་སླེབས་པ་རེད། ངའི་ཨ་ཁུས་ལྷ་ས་དང་ཨ་མདོ་བར་ལ་ཚོང་རྒྱག་གི་ཡོད། ༡༩༥༤་ལོར་ང་ལྷ་ས་ལ་སླེབས་སོང་། སྐབས་དེར་ལྷ་ས་ནས་ངའི་ཨ་ཁུ་ལ་ཚོང་ཁང་དང་ས་ཞིང་སོགས་ཡོད་པ་མ་ཟད་ཡབ་གཞིས་ཚང་དང་ཡང་དགའ་ཉེའི་འབྲེལ་བ་ཡག་པོ་འདུག དེ་དུས་ཡབ་གཞིས་ཚང་ལ་ས་ཞིང་དང་ཚལ་ཞིང་ཧ་ཅང་ཆེན་པོ་ཡོད། སྐབས་དེར་ཡབ་གཞིས་ཚང་གི་རྨོ་ལགས་ཡང་བཞུགས་ཡོད། རྨོ་ལགས་ཀྱི་མིང་དངོས་དེ་ངས་མི་ཤེས་མོད། འོན་ཀྱང་ང་ཚོ་ཚང་མས་ཁོང་ལ་རྨོ་ལགས་ཞེས་འབོད་ཀྱིན་ཡོད། རྨོ་ལགས་ནི་མི་གཤིས་བཟང་ལ་མི་ཚང་མར་ཧ་ཅང་བྱམས་སྐྱོང་གནང་མཁན་ཞིག་ཡིན།
༢༠༡༩ ལོའི་སུད་སི་མདོ་སྨད་ཚོགས་ཆེན་དང་དབྱར་སྐྱིད།
སུད་སི་ས་གནས་མདོ་སྨད་མི་མང་གི་ལོ་འཁོར་ཚོགས་ཆེན་གྱི་ཉིན་དང་པོར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་ཨ་མ་རྗེ་བཙུན་པདྨ་གཉིས་གདན་ཞུས་ཐོག མི་མང་ལ་ཁོང་རྣམ་པ་གཉིས་ཀྱིས་བོད་ཀྱི་བདེ་སྡུག་དང་གོང་ས་མཆོག་ཐུག་ཕམ་དུ་མི་འཇུག་པ།གཞོན་སྐྱེས་གསོ་སྐྱོང་དང་བོད་མི་ཞིག་ཡིན་པའི་ཆ་ནས་འགན་འཁྱེར་དགོས་པ། ༸གོང་ས་མཆོག་གི་བཀའ་གསུང་ཇི་བསྒྲུབ་ཞུ་དགོས་པ་དང་ཆིག་སྒྲིལ་གྱི་ཟོང་ཁ་དམ་དགོས་པ། ཁོང་གིས་བསྐྱངས་པའི་བོད་གཞུང་ངམ་སྒྲིག་འཛུགས་འདིའི་གལ་ཆེའི་རང་བཞིན་སོགས་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་།སྐབས་དེར་མདོ་སྨད་པའི་རྒན་རབས་པ་རྣམས་ཀྱང་སྐུ་མགྲོན་དུ་གདན་ཞུ་བྱས།
ཉིན་གཉིས་པ་ཚོགས་ཆེན་སྐབས་ཐག་གཅོད་བྱུང་བའི་དོན་ཚན་ཁག་ཅིག
1མ་འོངས་་གཟེངས་རྟགས་ཀྱི་བཟོ་དབྱིབས་གཅིག་རང་ལ་གཏན་འཁེལ་རྒྱུ།
སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་དངོས་སུ་ཕུལ།
སྤྱི་ལོ་༢༠༡༩ལོའི་ཟླ་༥ཚེས་༡༨ཉིན་གྱི་ཉིན་གུང་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་སུ་སུད་སི་ས་གནས་རེ་ཀོན་ནས་ཕུལ་སོང་། ཐེངས་འདིའི་སྐུ་མགྲོན་གཙོ་བོ་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་དང་རེ་ཀོན་དགོན་པའི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་གཙོས་དགེ་འདུན་པ་རྣམ་པ། ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་གཙོས་སྤྱི་ཟུར་རྣམ། དེ་བཞིན་ཚོགས་པ་སྒྲིག་འཛུགས་ཁག་གི་ཚོགས་གཙོ་དང་སྐུ་ཚབ་རྣམ་པ་བཅས་ཁྱོན་མི་གྲངས་གཉིས་རྒྱ་ཙམ་ལྷན་འཛོམས་ཀྱིས་མཛད་སྒོ་གཟབ་རྒྱས་ངང་འཚོགས་སོང་།
སུད་སི་ས་གནས་མདོ་སྨད་མི་མང་གི་ཚོགས་གཙོ་བསྟན་འཛིན་ཆོས་སྒྲོན་ལགས་ཀྱིས་མཛད་སྒོའི་དབུ་འབྱེད་གཏམ་བཤད་གནང་དོན་གཟེངས་རྟགས་འདི་ནི་སྤྱི་ལོ་༢༠༡༣ ལོར་ས་གནས་རྒྱུན་ལས་སྐབས་བརྒྱད་པས་མདོ་སྨད་ཀྱི་ཤེས་ལྡན་པ་དང་རྒན་རབས་པ་མང་པོ་ཞིག་ལ་དགོངས་ཚུལ་བསྡུ་ལེན་གྱིས་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་ཡང་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཆེས་དཀའ་སྡུག་ཆེ་ཞིང་གཉན་ཕྲེང་གི་དུས་རིམ་ཁྲོད་བོད་བསྟན་སྲིད་མི་རིགས་ལ་མཛད་རྗེས་རླབས་
ཐེངས་གསུམ་པའི་སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་གཏན་ཁེལ།
སྤྱི་ལོ་༢༠༡༨ ཟླ་༨ ཚེས་༢༦ ཉིན་སུད་སི་སྐབས་བཅུ་བའི་ས་གནས་མདོ་སྨད་རྒྱུན་ལས་ཀྱིས་གོ་སྒྲིག་དང་། སུད་སི་གྲོང་ཁྱེར་ཛུ་རིག་ནང་སུད་སིའི་ནང་གནས་བཞུགས་མདོ་སྨད་མི་མང་ཚོགས་འདུའི་ཐོག་སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་དེ་བདེ་སྲུང་བཀའ་བློན་ཟུར་པ་ལྡི་ལི་དོན་གཅོད་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་རྒྱུར་མང་མོས་ཐག་གཅོད་གནང་ཡོད་འདུག དེ་ཡང་སུད་སིའི་ས་གནས་མདོ་སྨད་རྒྱུན་ལས་ཚོས་ངོས་ནས་༢༠༡༨ ལོའི་ཟླ་༥་བར་སུད་སི་ས་གནས་མདོ་སྨད་ཚོགས་ཆེན་ཐོག་ཟླ་ཤས་རྗེས་ནས་སུད་སིའི་མདོ་སྨད་མི་མང་གསེར་གྱི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མི་སུ་འོས་མི་མང་གི་འོས་འདོན་གནང་དགོས་པ་དང་། མང་གཙོའི་འགྲོ་ལུགས་ལྟར་མང་མོས་འོས་ཤོག་གི་ཐོག་ནས་ཐག་གཅོད་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སྔོན་སོང་ལྟར། གོང་ཚེས་ཉིན་ས་གནས་མདོ་སྨད་མི་མང་ཚོགས་འདུའི་ཐོག་མི་མང་ལ་འོས་ཤོག་འཕེན་བཅུག་སྟེ། མཐའ་མའི་ཐག་གཅོད་བཀའ་ཟུར་དང་ད་ལྟའི་ལྡི་ལི་དོན་གཅོད་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་རྒྱུ་གཏན་ཁེལ་གནང་ཡོད་འདུག
སུད་སི་མདོ་སྨད་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པ་འབུལ་འཆར་གྱི་གསལ་བསྒྲགས།
མཁྱེན་མངའ་ལྟར་ཉེ་ལམ་༧གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་ཚུལ་དབང་གིས་ཚེས་༡༣ཉིན་གྱི་སུད་སིའི་མདོ་སྨད་ཀྱི་གསེར་གྱི་གཟེངས་རྟགས་ཐེངས་གསུམ་པའི་མཛད་སྒོ་ཕྱིར་འགྱངས་བྱས་ཏེ་སྤྱི་ཟླ༥ཚེས་༡༨ཉིན་གཏན་ཁེལ་བྱུང་ཡོད་པས།མི་མང་རྣམས་དུས་ལྟར་མཛད་རིམ་ནང་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཞུ།
གཟེངས་རྟགས་འབུལ་ཡུལ།དཔལ་ལྡན་བཀའ་ཟུར་སྐུ་ངོ་འབྲོང་ཆུང་དངོས་གྲུབ་མཆོག
ཟླ་ཚེས། ༢༠༡༩ ཟླ ༥ ཚེས ༡༨ ཉིན།
དུས་ཚོད།ཉིན་རྒྱབ་ཆུ་ཚོད། ༡༤། ༠༠ ཐོག
ས་གནས།RIKON SCHULHAUS / Schulstrasse 10.8486 Rikon
འཛིན་བྱང་།མི་རེ་ལ་སུད་སྒོར་ ༢༥ ། (ཞལ་ལག་མཉམ་དུ་ཡོད། ) བྱིས་པ་ལོ་་༨ འོག་ལ་རིན་མེད་ཡིན།
བྱིས་པའི་དགའ་ཚལ།
བོད་གཞས་ཚན་པ།
དམིགས་བསལ་ལེ་ཚན།
www.swissamdo.com