རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༦༢ པ་སྤེལ་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༨ ཉིན་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཁྱིམ་ཚང་དྲུག་གིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུགས་དང་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་ཐེངས་༦༢སྤེལ་ཡོད་པ་དང་།ཐེངས་འདིའི་ལས་འགུལ་ནང་བོད་དོན་འགྲེལ་བརྗོད་གྱི་ཡིག་ཆ་གྲངས་༧༠༠ལྷག་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འཁོད་པའི་ཡིག་ཆ་གྲངས་༢༠༠ ལྷག་འགྲེམ་སྤེལ་གནང་ཡོད་འདུག
ཐེངས་འདིའི་ལས་འགུལ་ནང་སུད་སི་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་ཟླ་བ་ཚུལ་ཁྲིམས་ལགས་གཉིས་ཆེད་ཕེབས་གནང་སྟེ་ལས་འགུལ་བ་རྣམས་ལ་ཁ་བཏགས་གནང་སྟེ་ལས་འགུལ་ལ་རྒྱབ་སྐྱོར་གནང་བ་དང་།ལས་འགུལ་ནང་ལུ་ཛན་ཚོགས་ཆུང་གི་མི་གྲངས༢༢དང་གྷི་ལ་རའོ་སིར་གནས་སྡོད་ཚེ་རིང་རྒྱལ་པོ་ལགས་བཅས་མཉམ་ཞུགས་གནང་ཡོད་ཅིང་།ཚེ་རིང་རྒྱལ་བོ་ལགས་ལས་འགུལ་འདིའི་ནང་སྔ་ཕྱི་ཐེངས་མང་པོ་མཉམ་ཞུགས་གནང་ཡོད་པར་བརྟེན་ལས་འགུལ་པ་རྣམས་ཀྱིས་ཁོང་ལ་ཐུགས་རྗེ་ལེགས་འབུལ་གྱི་ཆེད་དུ་ཁ་བཏགས་གཅིག་དང་བོད་ཀྱི་རྒྱལ་དར་གཅིག་བཅས་ཕུལ་བ་དང་།ལུ་ཛན་ཚོགས་ཆུང་གི་ངོས་ནས་སྤྱི་མོས་ཐོག་ལས་འགུལ་འདིས་བོད་ཀྱི་རྩ་དོན་གྱི་ཆེད་དུ་དཀའ་ལས་རྒྱག་བཞིན་པའི་ངོས་འཛིན་ཐོག་རྒྱབ་སྐྱོར་ཐག་གཅོད་གནང་པར་བཀའ་དྲིན་ཆེ་བརྗོད་བཅས་གནང་ཡོད་འདུག
སུད་སི་བོད་སྐད་ཡིག་འགྲན་བསྡུར་ཁྲོད་ཀྱི་ཨང་རིམ།
བོད་ཀྱི་སྣོད་བཅུད་མཚོན་པའི་རི་མོ་འགྲན་བསྡུར།
༡༽ ཐེངས་འདིའི་སློབ་ཕྲུག་ཆུང་བའི་རི་མོའི་འགྲན་བསྡུར་ནང་ཨང་དང་པོ་ཐོབ་མཁན། ས་གནས་སིང་གྷ་ལེན་གྱི་སློབ་ཕྲུག་ཡེ་ཤེས་དོན་གྲུབ་དང་། ཨང་ཉིས་པ། ས་གནས་ཨར་གྷོའོ་སློབ་ཕྲུག་ཡིད་དགའ་བདེ་བ། ཨང་གསུམ་པ། ས་གནས་སོ་ལོ་ཐོན་གྱི་སློབ་ཕྲུག་བསྟན་འཛིན་སྒྲོལ་དཀར།
༢༽སློབ་ཕྲུག་ཆེ་བའི་རི་མོ་འགྲན་བསྡུར་ནང་ཨང་དང་པོ་ལེན་མཁན། ས་གནས་ཨར་གྷའོ་སློབ་ཕྲུག་བསྟན་འཛིན་ཆོས་འཛིན། ཨང་གཉིས་པ། ས་གནས་ས་གནས་སྦརན་གྱི་སློབ་ཕྲུག་བསྟན་འཛིན་སིམ་གཞིས་ཚང་། ཨང་གསུམ་པ་ས་གནས་སོ་ལོ་ཐོན་སློབ་ཕྲུག་བཟང་མོ།
སུད་སི་བོད་སློབ་ཁག་གི་བོད་སྐད་ཡིག་འགྲན་བསྡུར་ཐེངས་བཞི་པ།
༣༠༡༧ ཟླ ༢ ཚེས་༤ ཉིན་སུད་སི་ས་གནས་ཨར་གྷོའོ་ནང་སུད་སི་དང་ལེག་ཏན་སིེཊ་ཡན་བོད་མི་མང་གི་བོད་སློབ་ཁག་ནང་བོད་ཀྱི་སྐད་ཡིག་འགྲན་བསྡུར་ཐེངས་བཞི་བ་དེ་སྤེལ་གནང་ཡོད་འདུག
སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་གི་བོད་སློབ་འགན་འཛིན་སྟག་ལྗང་འཆི་མེད་ལགས་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་དོན། ཐེངས་འདིའི་བོད་སྐད་འགྲན་བསྡུར་འདི་ནི་ཐེངས་བཞི་བ་ཆགས་ཡོད་པ་དང་། སྔོན་ཆད་གནས་སེང་གྷ་ལེན་ནང་དུ་བོད་དགེ་དཀོན་མཆོག་ལགས་ཀྱིས་སྣེ་ཁྲིད་དེ་སུད་སི་རྒྱལ་ཡོངས་བོད་སློབ་ཁག་གི་ཕ་སྐད་གཙང་མའི་འགྲན་བསྡུར་ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་དང་། རྗེས་སུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་སུད་སིར་ཕེབས་སྐབས་ཤིག་ལ་ཡུ་རོབ་ཁུལ་གྱི་བོད་སློབ་ཁག་གི་དགེ་ལས་ལྷན་འཛོམས་ཤིག་གནང་སྟེ། བོད་སྐད་འགྲན་བསྡུར་གྱི་ལས་གཞི་འདི་སུད་སི་ལེག་ཏན་སིཊཡན་བོད་རིགས་མི་མང་བོད་སློབ་ཁག་གིས་འགན་བཞེས་རྒྱུ་བྱས་ཡོད་པ་དང་།
ཞིས་ལ་ངོ་རྒོལ་ལས་འགུལ་ཐེངས་གཉིས་པ། སུད་སི་གཞུང་གི་བྱེད་སྟངས་ལ་བློ་ཕམ།
དེ་རིང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་དང་སུད་བོད་མཐུན་གྲོགས་ཚོགས་པའི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧།༠༡།༡༧ཉིན་རྗི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱ་ནག་གི་སྲིད་འཛིན་སུད་སིར་འབྱོར་སྐབས་དང་བསྟུན་ཞིས་ཅིན་ཕིང་ལ་ངོ་ རྒོལ་ལས་འགུལ་ཐེངས་གཉིས་པ་དེ་སྤེལ་ཞིང་། བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྙིང་བོ་ལགས་དང་སུད་བོད་མཛའ་ འབྲེལ་ཚོགས་པའི་ཚོགས་གཞོན་ལགས། ས་གནས་བུད་མེད་ཚོགས་པའི་སྐུ་ཚབ། བོད་དོན་རྒྱབ་སྐྱོར་བ་དང་སུད་བོད་མཐུན་གྲོགས་ ཚོགས་པའི་ཚོགས་མི་José Amrein-Murer ལགས། སུད་སི་ས་གནས་དོན་གཅོད་ལས་ཁུངས་ཀྱི་ལས་མི་དང་སུད་ སི་དོན་གཅོད་ལས་ཁུངས་ཀྱི་རྒྱ་རིགས་འབྲེལ་མཐུད་པ་སོགས་གཙོ་བྱས་ཕྱི་རྒྱལ་དང་བོད་རིགས་ཉིས་བརྒྱ་ལྷག་འཛོམས་ཐོག་ཞི་རྒོལ་ ལས་འགུལ་ཤུགས་ཆེན་སྤེལ་གནང་སོང་།
ཞིས་ཅིན་ཕིང་ལ་ངོ་རྒོལ་ཉིན་དང་པོ།
དེ་
གོང་ཚེས་ཉིན་རྒྱ་ནག་གི་སྲིད་འཛིན་ཞེས་ཅིན་ཕིང་སུད་སི་ས་གནས་སྦརན་ནང་སླེབས་ཀྱིན་ཡོད་པ་དང་སྟབས་བསྟུན། སུད་སི་ ལྗང་གུ་ཚོགས་པའི་ཚོགས་གཙོ་ལྕམ་རེ་གྷོ་ལ་རེ་ཙི། Frau Regula Rytz ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས། སུད་ བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་ཀྱི་མི་རབས་ གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁར་འཕགས་ལགས། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་བོད་རིགས་ལྔ་བརྒྱ་ལྷག་ འདུ་འཛོམས་ཐོག་ཞིས་ཅིན་ཕིང་ལ་ཞི་རྒོལ་རྔམ་སྟོན་སྐད་འབོད་དང་གཏམ་བཤད་སོགས་གནང་སོང་།
སུད་སིར་ཞིས་ཅིན་ཕིང་ལ་ངོ་རྒོལ་མུ་མཐུད་བྱེད་བཞིན་པ།
དེ་རིང་ཚེས་༡༨ ཉིན་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱས་འདུག་པ་དང་། ངོ་རྒོལ་བྱེད་མཁན་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གོང་ཚེས་ཉིན་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་ཞིས་ཅིན་ཕིང་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་སུ་ཕེབས་བཞིན་པ་ལྟར། ཁོང་ཚོས་བོད་རང་བཙན། ཞེ་ཐི་ལར་འཛིན་བཟུང་བྱོས། ཟེར་བ་སོགས་ཀྱི་འཕྲེད་དར་ཕྱར་ཏེ་རྒྱལ་ཚོགས་མདུན་དང་རྒྱལ་ཚོགས་ཀྱི་སྒོ་འགྲམ་སོགས་སུ་ངོ་རྒོལ་སྐད་འབོད་བྱས་འདུག་པ་དང་། ཁ་ཤས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་རའི་ལྕགས་དྲ་བརྒལ་དེ་མཆོང་གྲབ་བྱས་པ་སོགས་བྱེད་བཞིན་པའི་སྐབས། ཉེན་རྟོགས་པ་མང་པོ་བཀག་འགོག་དང་འཛིན་བཟུང་། འཕྲེད་དར་སོགས་བཙན་འཕྲོག་བྱས་ཡོད་འདུག་པ་མ་ཟད། འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལ་པར་དང་བརྙན་སོགས་བརྒྱབ་བཅུག་མེད་པ་མ་ཟད། པར་ཆས་སོགས་ལ་སྔོག་བཤེར་བྱས་ཏེ་བར་དང་བརྙན་ཁ་ཤས་བརྒྱབ་ཚར་ཡོད་པ་དག་བསུབ་བཅུག་ཡོད་འདུག