94fe13a8 70fb 48f3 b7cf 67e320974d18

ང་སྤྱི་ལོ༡༩༣༦་ལོའི་ཟླ་༤་ཚེས་༡༥ཉིན་མཚོ་སྔོན་ཞིང་ཆེན་སྐུ་འབུམ་ལྷ་སྡེ་རུ་སྐྱེས་པ་དང་།ཕ་མིང་ལ་དོན་འགྲུབ་དང་མ་མིང་ལ་སྒྲོལ་མ་ཟེར་གྱི་ཡོད།  བུ་གཉིས་དང་བུ་མོ་གཉིས་བཅས་མིང་སྲིང་བཞི་ཡོད། ངའི་ཕ་དམ་པ་ང་ཆུང་དུས་ནས་དགོངས་པ་རྫོགས་པ་དང་ཨ་མའི་བྱམས་སྐྱོང་འོག་འཚར་ལོངས་བྱུང་བ་ཡིན། ལོ་བཅུ་གསུམ་བར་དུ་སློབ་གྲྭར་འགྲོ་མྱོང་ཡོད། སྐབས་དེར་ངེད་ཚང་གི་འཚོ་རྟེན་གཙོ་བོ་ཞིང་ལས་དང་ཕྱུག་ཟོག་གང་ལ་གང་འཚམ་ཡོད། ཞིང་ས་ཆེན་པོ་ཡོད་པ་དང་ཚལ་སོགས་བཏབ་ནས་འཚོ་བ་ཧ་ཅང་ཡག་པོ་དང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་ཁྱིམ་ཚང་ཚད་ལྡན་ཞིག་ཡིན། ད་དུང་ཕིན་སོགས་བཟོས་ནས་ཚོང་ལས་ཆུང་ཆུང་ཞིག་ཀྱང་གཉེར་ཡོད།  ངའི་ཨ་ཕའི་སྤུན་མཆེད་ཞིག་ལྷ་ས་ན་ཡོད། ཁོང་གི་ང་ཚོ་ནང་མི་ལ་རོགས་རམ་དང་ཕན་ཐོགས་ཆེན་པོ་བྱུང་ཡོད། ང་སྐྱེས་དུས་ད་དུང་ང་ཚོའི་ས་ཆ་ལ་རྒྱ་མི་སླེབས་མེད། ང་ལོ་བཅུ་གསུམ་ལ་སླེབས་པའི་རྗེས་ནས་རྒྱ་མི་སླེབས་པ་རེད། ངའི་ཨ་ཁུས་ལྷ་ས་དང་ཨ་མདོ་བར་ལ་ཚོང་རྒྱག་གི་ཡོད། ༡༩༥༤་ལོར་ང་ལྷ་ས་ལ་སླེབས་སོང་། སྐབས་དེར་ལྷ་ས་ནས་ངའི་ཨ་ཁུ་ལ་ཚོང་ཁང་དང་ས་ཞིང་སོགས་ཡོད་པ་མ་ཟད་ཡབ་གཞིས་ཚང་དང་ཡང་དགའ་ཉེའི་འབྲེལ་བ་ཡག་པོ་འདུག དེ་དུས་ཡབ་གཞིས་ཚང་ལ་ས་ཞིང་དང་ཚལ་ཞིང་ཧ་ཅང་ཆེན་པོ་ཡོད། སྐབས་དེར་ཡབ་གཞིས་ཚང་གི་རྨོ་ལགས་ཡང་བཞུགས་ཡོད། རྨོ་ལགས་ཀྱི་མིང་དངོས་དེ་ངས་མི་ཤེས་མོད། འོན་ཀྱང་ང་ཚོ་ཚང་མས་ཁོང་ལ་རྨོ་ལགས་ཞེས་འབོད་ཀྱིན་ཡོད། རྨོ་ལགས་ནི་མི་གཤིས་བཟང་ལ་མི་ཚང་མར་ཧ་ཅང་བྱམས་སྐྱོང་གནང་མཁན་ཞིག་ཡིན།

 

 

དེ་དུས་ངའི་ལས་ཀ་གཙོ་བོ་ནི་ཡབ་གཞིས་ཚང་ཚལ་ཞིང་གི་ལས་ཀ་དང་ཚོང་ཙག་ཙིག་རེ་གཉེར་གྱི་ཡོད། དེ་ནས་ག་ལེ་ལྷ་སར་རྒྱ་མི་མང་རུ་མང་རུ་སླེབས་པས། ལྷ་སར་ཕྱོགས་ཡོངས་ལ་བདེ་འཇགས་མེད་པར་གྱུར། ངའི་ཨ་ཁུའི་ནང་མིར་ཡང་རྒྱ་དམག་གི་རྡུང་རྡེག་ཕོག་སྟབས་ང་ཚོ་ལྷ་སར་གནས་མ་ཐུབ་པར་༡༩༨༥ ལོར་བལ་ཡུལ་དུ་སླེབས་དགོས་བྱུང་།  ༡༩༨༩ བར་བལ་ཡུལ་དུ་ཚོང་ལས་ཆུང་ཆུང་ཞིག་གཉེར་ནས་བསྡད་པ་ཡིན།  ༡༩༨༩ ལོར་ང་སུད་སིར་ལ་སླེབས་པ་ཡིན།སུད་སིར་སླེབས་ནས་འཚོ་རྟེན་གྱི་ཆེད་དུ་བཟོ་གྲྭ་ཞིག་གི་ནང་དུ་ལས་ཀ་བྱས་པ་ཡིན།  སྐབས་དེར་སུད་སིར་མདོ་སྨད་པ་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་མང་ཉུང་ལ་མ་ལྟོས་བར་མདོ་སྨད་པ་ཚང་མ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡིན། སྐབས་དེར་མཁན་རིན་པོ་ཆེ་དགེ་འདུན་བཟང་པོ་བཞུགས་ཡོད་བ་རེད། མཁན་རིན་པོ་ཆེ་མཆོག་ནས་སུད་སིར་མདོ་སྨད་ཀྱི་ཆེད་དུ་དཀའ་ལས་མང་པོ་བརྒྱབ་ཚར་བ་རེད། མཁན་རིན་པོ་ཆེ་དང་མི་རབས་རྒན་པ་མང་པོ་ཞིག་ལ་བརྟེན་ནས་ད་ལྟ་སུད་སིར་མདོ་སྨད་ཟེར་བ་ཞིག་ཡོད་བ་རེད། དེ་ང་ཚོ་མི་རབས་རྗེས་མ་ཚོས་བརྗེད་མི་རུང་། 

         ད་ལྟ་ངའི་གནས་སྟངས་ཧ་ཅང་ཡག་པོ་ཡོད། སོ་སོའི་བུ་ཕྲུག་ཚང་མ་རང་མགོ་ཐོན་ཡོད་པ་མ་ཟད། ལས་གནས་དང་ཤེས་ཡོན་སོགས་གང་ཐད་ནས་ཡག་ཐག་ཆོད་ཡོད། བུ་ཕྲུག་ཚང་མས་རང་ནུས་གང་ལྕོགས་ཀྱིས་ ༧གོང་ས་མཆོག་དང་རང་གཞུང་ལ་ཞབས་ཞུ་སྒྲུབ་བཞིན་ཡོད། 

             གཞན་དམིགས་བསལ་ཞུ་ཡ་མི་འདུག མ་འོངས་པར་ཁྱེད་རང་ཚོ་ཚང་མ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་འགྲོ་ཐུབ་རྒྱུ་དེ་ངའི་རེ་བ་ཡིན།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com