IMG 1552

དེ་ཡང་སུད་སི་མདོ་སྨད་མི་མང་གི་གསེར་གྱི་གཟེངས་རྟགས་འདི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་ཆེ་དཀའ་སྡུག་ཆེ་ཞིང་།ཆག་འཇིག་གི་གཉན་འཕྲང་བསྐྱངས་པའི་བོད་མི་སྲིད་ཞུ་བ་ཞིག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་གསེར་གྱི་གཟེངས་རྟགས་འབུལ་སྲོལ་ཡོད་ལ། གཟེངས་རྟགས་འདི་འབུལ་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་ལ་རླབས་ཆེན་ཀྱི་མཛད་རྗེས་བཞག་པ་ལ་མི་དམངས་ཀྱི་ངོས་འཛིན་དང་མ་འོངས་བོད་ཀྱི་ལོ་རྒྱུས་ནང་གཟི་བརྗིད་ལྡན་པའི་མཛད་རྗེས་གནས་ཐུབ་པའི་ཆེད་དུ་ཡིན།


ཐེངས་དང་པོར་ཡོ་རོབ་གནས་སྡོད་ཤེས་ཡོན་པ་དང་།རྒན་རབས་པ་མང་པོ་ཞིག་ལ་བསམ་ཚུལ་བསྡུ་ལེན་དང་གདར་ཤ་ཆོད་པའི་ཐོག་དཔལ་ལྡན་བཀའ་ཟུར་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་མཆོག་ལ་ཕུལ་ཡོད་པ་དང་། མི་མང་ཀྱི་ངོས་ནས་ཀྱང་དེ་དོན་ཐུགས་སུ་འོས་འཚམས་དང་བསྟོད་བསྔགས་ཐོབ་ཡོད།

ད་ལན་ཐེངས་གཉིས་པར་ངེད་སུད་སུ་མདོ་སྨད་ཀྱི་ངོས་ནས་ཅུང་གཞི་རྒྱ་ཆེ་རུ་བཏང་ནས་བོད་ཆོལ་ཁ་གསུམ་གྱི་ནང་ནས་མི་མང་ཀྱིས་ངོས་འཛིན་དང་ཆེ་མཐོང་ལྡན་པའི་ཐོག་ནས་༼སུད་སི་མདོ་སྨད་མི་དམངས་ཀྱི་བཀའ་དྲིན་རྗེས་དྲན་མཚོན་པའི་གསེར་གྱི་གཟེངས་རྟགས་༽འབུལ་བ་གཏན་འཁེལ་ཟིན་ཡོད་ལ།ང་ཚོས་འཆར་གཞི་ལྡན་པའི་དུས་ཡུན་དང་དམིགས་ཡོད་པའི་གོ་སྒྲིག་ཐོག་ད་ཆ་ཆོལ་ཁ་གསུམ་གྱི་ནང་ནས་རང་རང་གི་གདམས་ཐོན་བྱུང་བ་གཞིར་བཟུང་རྩེ་ཕུལ་མི་སྣ་གསུམ་བྱུང་ཡོད་ལ། དེ་དག་ནི་དཔལ་ལྡན་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་།སྐུའི་གཅེན་མོ་རྗེ་བཙུན་པདྨ་།བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་བཅས་ཡིན་ལ། སྤྱི་ལོ་2016ལོའི་ཟླ་4ཚེས16ཉིན་རླབས་ཆེན་མི་སྣ་དེ་དག་གི་མཛད་རྗེས་ཐད་བགྲོ་གླེང་དང་བསམ་ཚུལ་ལྷུག་པོར་བྱུང་མཐར།བོད་ཆོལ་གསུམ་མི་དམངས་ཀྱིས་རང་གི་མི་རིགས་ལ་འགན་ཁུར་བའི་ཐོག་ནས་འོས་འདེམས་བྱེད་རྒྱུ་ཡིན་ལ།འདེམས་ཐོན་གྱི་གྲུབ་འབྲས་ལྟར་༼སུད་སི་མདོ་སྨད་མི་དམངས་ཀྱིས་ཕུལ་པའི་བཀའ་དྲིན་རྗེས་དྲན་གསེར་གྱི་གཟེངས་རྟགས་༽འབུལ་རྒྱུ་ཡིན་པས།མི་དམངས་ཀྱི་ངོས་ནས་བོད་ཀྱི་རྩ་དོན་ལ་འགན་འཁུར་བ་དང་།རང་གི་མི་རིགས་ལ་འགན་འཁུར་བ་སོགས་རྒྱུ་མཚན་མང་པོ་ཞིག་ལ་གཞིགས་ནས་ཉིན་དེར་ཆོལ་གསུམ་བོད་རིགས་སྤུན་ཟླ་ཡོངས་མཉམ་ཞུགས་གནང་རྒྱུ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་གྲངས་མེད་ཞུ།

སུད་སི་མདོ་སྨད་རྒྱུན་ལས་ཁང་ནས།

ཟླ་ཚེས་བཟང་པོར།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com