17204543 1897685053852038 1812953546 nདེ་རིང་ཕྱི་ཟླ་ ༣་ཚེས་༡༠ རེས་གཟའ་པ་སངས་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་སུད་སི་རྒྱལ་ས་སྦརན་གྲོང་ཁྱེར་གྱི་Veletiaplatz Bern ནས་Münterplatz Bern བར་བོད་མི་གཅིག་སྟོང་ལྷག་འདུ་འཛོམས་ཀྱིས་རྔམ་སྟོན་ཁྲོམ་སྐོར་དང་སྐད་འབོད་བཅས་གནང་སྟེ་སུམ་བཅུའི་དུས་དྲན་ཐེངས་༥༨ པ་སྲུང་བརྩི་གནང་ཡོད་འདུག

གོང་ཚེས་ཉིན་སུམ་བཅུའི་དུས་དྲན་ཐེངས་༥༨ པ་སྲུང་བརྩི་ཆེད་ཕྱོགས་མཐའ་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་པ་ཧ་ཅང་མང་པོ་འདུ་འཛོམས་གནང་ཡོད་འདུག་ལ། ལས་རིམ་གྱི་ཐོག་མར་བོད་རྒྱལ་ཁབ་ཆེན་པོིའི་རྒྱལ་གླུ་དང་། རྒྱལ་གཅེས་དཔའ་བོ་དཔའ་བོ་རྣམས་ལ་མྱ་ངན་གུས་འདུད། ཟློས་གར་ཚོགས་པས་སྣེ་ཁྲིད་འོག་སུམ་དུས་ལངས་གླུ་བཅས་གཏོང་གནང་འདུག་པ་དང་།

WechatIMG2 ༄༅། སྤྱི་ལོ་༢༠༡༧ ལོའི་སུད་སུ་ས་གནས་མདོ་སྨད་ཀྱི་དབྱར་སྐྱིད་འདི་ལོའི་སྤྱི་ཟླ་དྲུག་པའི་ཚེས་༠༣ནས་༠༥བར་ས་གནས་EINSIEDELN་ནས་ཚོགས་ཡོད་པ་དང་། དབྱར་སྐྱིད་སྐབས་མདོ་སྨད་པ་༢༥༠་ཙམ་ཕེབས་འདུག  ཐེངས་འདིའི་དབྱར་སྐྱིད་ཀྱི་སྐུ་མགྲོན་གཙོ་བོ་ནི་ཨ་མ་རྗེ་བཙུན་པདྨ་དང་སྐུ་ངོ་བསྟན་པ་རྣམ་གཉིས་ཡིན་པ་དང་ཁོང་རྣམ་གཉིས་ནས་བོད་མི་ཡོངས་རྡོག་རྩ་གཅིག་སྒྲིལ་དང་སོ་སོའི་བྱིས་བ་རྣམས་ལ་བོད་ཡིག་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱས་ནས་མ་འོངས་པར་བོད་མིའི་རྩ་དོན་ལ་འགན་ཁུར་ཐུབ་པ་རྐྱང་གསོ་སྐྱོང་གནང་དགོས་ལུགས་ལམ་སྟོན་བཀའ་སློབ་གནང་། དབྱར་སྐྱིད་སྐབས་ལས་ཐོག་རྒྱུན་ལས་རྣམས་ཀྱིས་མདོ་སྨད་རྒན་རབས་པ་དང་རྒྱུན་ལས་ཟུར་བ་རྣམས་དམིགས་བསལ་སྐུ་མགྲོན་དུ་མགྲོན་བརྡ་བཏང་འདུག  སྤྲོ་སྐྱིད་ཀྱི་བཟའ་བཏུང་གི་འགྲོ་སོང་ཡོངས་རྫོགས་ས་གནས་མདོ་སྨད་པ་གཏོང་ཕོད་ཅན་ཞིག་གིས་སྦྱིན་བདག་གནང་འདུག སྤྲོ་སྐྱིད་སྐབས་རྒྱུན་ལས་རྣམས་ཀྱིས་ལོ་འཁོར་གྱི་རྩིས་ཁྲ་དང་ལས་བསྡོམས་མི་མང་ལ་སྙན་སྒྲོན་ཞུས་བ་དང་། སྤྲོ་སྐྱིད་སྐབས་ཕེབས་ཞུགས་པ་ཡོངས་ཉིན་གསུམ་བསྟུན་མར་དགའ་བའི་བྲོ་དང་སྐྱིད་པའི་ཆང་། སྙན་པའི་གཞས་ལ་རོལ་ནས་ཆེས་བདེ་སྐྱིད་ལྡན་པའི་འདུ་འཛོམས་དང་སྤྲོ་སྐྱིད་ཅིག་ཆགས།   ཐེེངས་འདིའི་དབྱར་སྐྱིད་ནི་མི་མང་ཆེས་མང་ཤོས་ཀྱི་འདུ་འཛོམས་ཤིག་ཀྱང་ཆགས།   

11492153421 .picསུད་སིའི་ས་གནས་མདོ་སྨད་རྒྱུན་ལས་ཁང་གི་ངོས་ནས་༢༠༡༧ ལོའི་སུད་སི་མདོ་སྨད་དབྱར་སྐྱིད་གསལ་བསྒྲགས་འདི་བཞིན་སུད་སིར་གནས་བཞུགས་མདོ་སྨད་པ་རྣམས་མཉམ་ཞུགས་གནང་རྒྱུར་འབོད་སྐུལ་དང་། གནས་ཚུལ་རྒྱས་པ་བོད་ཡིག་དང་འཇན་མན་ཡི་གེ་གཉིས་ཐོག་གསལ་བསྒྲགས་དང་འགེང་ཤོག་གཤམ་དུ་བཀོད་ཡོད་པས་དེར་ཞིབ་གཟིགས་གནང་རོགས།

 image221སུད་སི་ས་གནས་མདོ་སྨད་མི་མང་གི་ལོ་འཁོར་ཚོགས་ཆེན་གྱི་ཉིན་དང་པོར་སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དང་ཨ་མ་རྗེ་བཙུན་པདྨ་གཉིས་གདན་ཞུས་ཐོག མི་མང་ལ་ཁོང་རྣམ་པ་གཉིས་ཀྱིས་བོད་ཀྱི་བདེ་སྡུག་དང་གོང་ས་མཆོག་ཐུག་ཕམ་དུ་མི་འཇུག་པ།གཞོན་སྐྱེས་གསོ་སྐྱོང་དང་བོད་མི་ཞིག་ཡིན་པའི་ཆ་ནས་འགན་འཁྱེར་དགོས་པ། ༸གོང་ས་མཆོག་གི་བཀའ་གསུང་ཇི་བསྒྲུབ་ཞུ་དགོས་པ་དང་ཆིག་སྒྲིལ་གྱི་ཟོང་ཁ་དམ་དགོས་པ། ཁོང་གིས་བསྐྱངས་པའི་བོད་གཞུང་ངམ་སྒྲིག་འཛུགས་འདིའི་གལ་ཆེའི་རང་བཞིན་སོགས་ལམ་སྟོན་ཟབ་ཅིང་རྒྱས་པ་གནང་།སྐབས་དེར་མདོ་སྨད་པའི་རྒན་རབས་པ་རྣམས་ཀྱང་སྐུ་མགྲོན་དུ་གདན་ཞུ་བྱས།

ཉིན་གཉིས་པ་ཚོགས་ཆེན་སྐབས་ཐག་གཅོད་བྱུང་བའི་དོན་ཚན་ཁག་ཅིག

1མ་འོངས་་གཟེངས་རྟགས་ཀྱི་བཟོ་དབྱིབས་གཅིག་རང་ལ་གཏན་འཁེལ་རྒྱུ།    

st.gallenསྤྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༧ ཉིན་སུད་སི་ས་གནས་སང་གྷ་ལིན་( St.Gallen) ཨན་ཀལ་འབུག་ཞེས་པའི་ས་གནས་སུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་དགུང་ལོ་བརྒྱད་བཅུར་ཕེབས་པའི་༧སྐུའི་གྱ་སྟོན་ཞིག་འདི་ག་ས་གནས་ཚོགས་ཆུང་གི་གོ་སྒྲིག་འོག་བརྩི་སྲུང་གནང་བ་དང་ཐོག་མར་རྒྱལ་བའི་མཐོང་གྲོལ་རིན་པོ་ཆེ་ས་འཐུས་དང་རྒྱུན་ལས་རྣམས་ནས་སྤོས་སྣེ་དང་བཅས་བཞུགས་ཁྲིའི་སྟེང་སྤྱན་འདྲེན་ཞུས།

image1 e4e3cd15

དེ་རིང་སྟེ་སྤྱི་ལོ་༢༠༡༨ཟླ་༩་ཚེས་༢༣རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་སུད་སི་རི་ཁོན་ཆོས་འཁོར་དགོན་ཕྱག་བཏབས་ནས་ལོ་༥༠་འཁོར་བའི་དུས་སྟོན་མཛད་སྒོར་ཆིབས་སྒྱུར་བཀའ་དྲིན་སྐྱོང་གནང་བའི་ཉིན་གསུམ་པར།སུད་སི་གནས་སྡོད་བོད་རིགས་མི་མང་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་དུ་མར་བཀའ་སློབ་བཀའ་དྲིན་བསྩལ་གནང་སོང་།

སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གོང་ཚེས་ཉིན་སུད་སི་གྲོང་ཁྱེར་ཛུ་རིག་ས་གནས་ཨོར་ལེ་ཁོནOerlikon གྱི་ཧ་ལན་ཚོགས་ཁང་ཆེན་མོའི་ནང་།རི་ཁོན་ཆོས་འཁོར་དགོན་དང་སུད་སི་དང་ལིག་ཏེན་སི་ཊཡན་བོད་

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com