ཕྱི་ལོ ༢༠༡༥ ཟླ ༡༠ ཚེས ༢༩ ༄༅། །དེ་ཡང་ལོ་འཁོར་གསུམ་རེའི་ནང་སུད་སི་ས་གནས་མདོ་སྨད་མི་མང་ནས་བོད་བསྟན་པ་ཆབ་སྲིད་དང་ཡང་སྒོས་༧གོང་ས་མཆོག་གི་བཀའ་དགོངས་ལམ་དོན་སྒྲུབ་མཁན་མི་སྣ་གལ་ཆེན་ཆེན་ཞིག་ལ་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་གསེར་གྱི་གཟེངས་རྟགས་འབུལ་གསོལ་ཡོད་སྟབས། དེ་ཡང་ཕྱི་ལོ ༢༠༡༦ ལོའི་གསེར་གྱི་གཟེངས་རྟགས་འབུལ་ལ་ཉེ་སྟབས། ༢༠༡༥ཟླ ༩ ཚེས ༢༧ ཉིན་ས་གནས་རྒྱུན་ལས་ཚོགས་འདུ་སྐབས་མང་མོས་ཐག་གཅོད་བཞིན།
སུད་སི་ས་གནས་མདོ་སྨད་མི་མང་ནས་ཆོལ་ཁ་ཆོས་ལུགས་དབྱེར་མེད་ཀྱི་འོས་མི་ལྔ་འདེམས་རྒྱུ་གཏན་འཁེལ་ཟིན་པས། ༢༠༡༥ ཟླ ༡༢ཚེས༡༢ རེས་གཟའ་སྤེན་པའི་ཉིན་སུད་སི་བོད་རིགས་མི་མང་གིས་༧གོང་ས་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་ རྟགས་བཞེས་ནས་ལོ་འཁོར་༢༦ཟིན་པའི་མཛད་སྒོ་StadthalleBüllach ཚོགས་ཁང་དུ་སྲུང་བརྩི་ཞུ་བའི་སྐབས་དང་བསྟུན།་སུད་སི་ས་གནས་མདོ་སྨད་མི་མང་ཡོངས་ཚོུད ༡༡ཐོག་ཚོགས་ཁང་གི་སྒོ་འགྲམ་དུ་མཉམ་འཛོམས་གནང་རྒྱུའི་འབོད་སྐུལ་དང་བཅས་སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཐོུང་ནས།
ཕྱི་ལོ ༢༠༡༥ཟླ ༡༠ ཚེས ༢༩ ཕུལ།