unnamed 3དེ་རིང་ཕྱི་ཚེས་༢༧ ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སུད་སི་གྲོང་ཁྱེར་ཛུ་རིག་ནང་གི་Paradeplatz ་ནང་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མི་གཙོས་བོད་ནང་གི་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་བོད་དོན་ལས་འགུལ་ཞིག་སྤེལ་ཡོད་འདུག

ཕྱི་ཟླ ༢ ཚེས་༢༧ ཉིན་དང་བོད་རྒྱལ་ལོ་༢༡༤༤ ལོའི་ལོ་སར་ཚེས་གཅིག་ཉིན་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་བོད་མི་དང་ཕྱི་རྒྱལ་བ་མང་པོ་འདུ་མཛོམས་ཐོག་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྐུ་པར་མདུན་དུ་མཆོད་མེ་སྟོང་ཚར་སྤར་སྒྲོན་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་འདུག་ལ། ལས་འགུལ་འདི་ནི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ལས་འཆར་ལྟར་ལོ་རེའི་ལོ་སར་ཚེས་གཅིག་ཉིན་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རྣམ་པ་འདྲ་མིན་ཐོག་སྤེལ་བཞིན་པའི་ལས་འགུལ་ཞིག་ཡིན་འདུག

ལས་འགུལ་འདིར་ཡུ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་གིས་གཏམ་བཤད་དང་། སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་གི་སྐུ་ཚབ་འཆི་མེད་སངས་རྒྱས་ལགས་ཀྱིས་གཏམ་བཤད། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་Zakay Reichlin ལགས་ཀྱིས་གཏམ་བཤད། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་གཏམ་བཤད། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ལས་འགུལ་བསྒྲགས་གཏམ་དབྱིན་ཡིག་ནང་སྒྲོག་སྦྱོང་བཅས་རིམ་པར་གྲུབ་རྗེས། སྒྱུ་རྩལ་བ་རྣམ་གླིང་བློ་ལྡན་ལགས་ཀྱི་མྱ་ངན་གདུང་སེམས་མཚོན་པའི་གདུང་གཞས་འཁྲབ་སྟོན་སོགས་གནང་ཡོད་པ་དང་། ས་གནས་མི་མང་དང་ཕྱི་རྒྱལ་བ་མང་པོ་མཉམ་ཞུགས་ཐོག་བོད་གནས་འགྲེལ་བརྗོད་བརྗོད་ཀྱི་ཡིག་ཆ་འགྲེམ་སྤེལ་དང་། རྒྱལ་གཅེས་དཔའ་མོ་རྣམས་ཀྱི་སྐུ་པར་མདུན་དུ་མི་མང་གིས་མེ་ཏོག་དང་ཁ་བཏགས་འདེགས་འབུལ། མར་མེ་སྟོང་ཚར་ལྷག་སྤར་ཏེ་དེ་རིང་བོད་ཀྱི་ལོ་སར་ཡིན་ཡང་། རྒྱ་ནག་དམར་གཞུང་གིས་སྡུག་རྩུབ་སྲིད་བྱུས་འོག་བོད་མི་ཚོའི་ནང་མི་ཁ་ཁྲལ་དང་། ལྷག་དོན་༡༩༤༩ ལོ་ནས་བོད་འབུམ་ཕྲག་མང་པོ་དམར་གསོད་བཏང་བ། ད་ལྟའི་བར་བོད་མི་གྲངས་༡༥༢་ཙམ་གྱི་སྐུ་ལུས་མེར་སྲེག་གནང་ཟིན་པའི་ཤུལ་ལུས་ནང་མི་ཚོའི་བག་ཕེབ་ཀྱི་ལོ་སར་རྒྱུན་ལྡན་ལྟར་རོལ་ཐུབ་ཀྱིན་མེད་པའི་རྣམ་པ་མཚོན་ཐབས་བྱས་ཡོད་འདུག

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཁར་འཕགས་ལགས་ཀྱིས་ལས་འགུལ་འདིར་མཐུན་ཚོགས་ཀྱི་བསྒྲགས་གཏམ་སྒྲོག་སྦྱོང་གནང་བའི་ནང་འཁོད་དོན། དེ་རིང་ནི་བོད་ཀྱི་ལོ་སར་ཡིན།ལོ་སར་གྱི་ཉིན་མོ་འདིར་བོད་མི་ཞིག་ཡིན་ཕྱིན་སོ་སོའི་ནང་མི་ལྷན་འཛོམས་ཐོག་ལོ་སར་གྱི་དུས་སྟོན་ལ་རོལ་དགོས་པ་ཡིན།འོན་ཀྱང་རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས།བོད་མི་ཚོར་བློ་བདེ་བག་ཕེབ་ཀྱི་ལོ་སར་ཞིག་རོལ་རྒྱུའི་གོ་སྐབས་བྱུང་མྱོང་མེད།རྒྱུ་མཚན་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་དང་།ཆོས་ལུགས།རིག་གཞུང་།སྐད་ཡིག་སོགས་ཀྱིས་གཙོས་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡོད་ཚད་རྡོག་རོལ་བཏང་སྟེབོད་མི་རྣམས་ལ་འཚོ་གནས་ཀྱི་རང་དབང་བརྟན་པོ་མེད་པའི་འོག་གནས་དགོས་བྱུང་ཡོད་པས་ཡིན།རྒྱུ་མཚན་དེ་དག་གི་ཆེད་དུ།བོད་ཕྱི་ནང་གཉིས་ནས་བོད་མི་གྲངས་༡༥༠ལྷག་གིས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དང་།ཁྱད་པར་དུ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྡུག་རྩུབ་ཅན་བྱི་སྲིད་བྱུས་ལ་ངོ་རྒོལ་ཆེད།ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་བཏང་སྟེ་སྐུ་ལུས་མེར་སྲེག་གནང་ཡོད།

སྤྱི་ལོ༡༩༤༩ལོ་ནས་རྒྱ་གཞུང་གིས་བོད་ནང་བཙན་འཛུལ་བྱས་པ་ནས་ད་ལྟའི་བར་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལྷག་དངོས་ཤུགས་བརྒྱུད་གསུམ་ནས་དམར་གསོད་བཏང་ཡོད།བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་བཙོན་འཇུག་བྱས་ཡོད།དགོན་སྡེ་ཁག་སྟོང་ཕྲག་མང་པོ་གཏོར་བཤིག་དང་།བོད་ཀྱི་རང་བྱུང་སྐྱེས་ཁམས་ཁོར་ཡུག་ལ་གཏོར་རྒོལ་ཚད་ལས་བརྒལ་བ་བཏང་ཡོད།བོད་ནང་རྒྱ་ནག་ཆེན་པོའི་རིང་ལུགས་དར་སྤེལ་དང་རྒྱ་ནག་མི་རིགས་གནས་སྤོའི་སྲིད་བྱུས་རྒྱ་ཁྱབ་ཏུ་བཏང་བས།བོད་ནང་གི་གྲོང་ཁྱེར་ཁག་དང་རྫོང་ཆེན་ཁག  དེ་བཞིན་ཚོང་ལས་སོགས་ཀྱི་ས་ཁུལ་གལ་ཆེན་ཁག་ཡོངས་རྫོགས་རྒྱ་ནག་མི་རིགས་ཀྱི་བདག་བཟུང་བྱས་ཏེ།  བོད་པ་རྣམས་རང་ས་ན་གྲངས་ཉུང་མི་རིགས་ཀྱི་ངོ་བོར་གནས་དགོས་བྱུང་ཡོད།དེར་བརྟེན་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བ་དང་།ཆོས་དང་རིག་གནས།སྐད་ཡིག་གོམས་གཤིས་སོགས་ལ་དོ་ཕོག་ཤུགས་ཆེན་ཐེབས་ཀྱིན་ཡོད།

འདི་ནི་རྒྱ་ནག་གི་གཏིང་ནག་པའི་སྲིད་བྱུས་དེ་རེད།འདི་ནི་རྒྱ་ནག་དམར་པོ་བོད་ནང་སླེབས་ཏེ་ད་ལྟ་ལོ་ངོ་དྲུག་བཅུ་ལྷག་སོང་བའི་རྗེས་སུ་ང་ཚོས་དངོས་སུ་མཐོང་ཐུབ་པའི་གྲུབ་འབྲས་དེ་རེད།འདི་ནི་ཁོ་ཚོས་ནམ་རྒྱུན་བཤད་པའི་བོད་ལ་རོགས་སྐྱོར་བྱས་ཡོད་པ་དང་།བོད་ནང་ཡར་རྒྱས་བཏང་ཡོད་ཚུལ་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་པའི་གྲུབ་འབྲས་དེ་རེད།འདི་ནི་བོད་མི་ས་ཡ་དྲུག་གིས་ནམ་ཡང་བཟོད་མི་ཐུབ་ཅིང་།གཏན་དུ་བརྗེད་མི་སྲིད་པའི་ལོ་རྒྱུས་ཀྱི་གྲུབ་འབྲས་ནག་པོ་དེ་རེད།རྒྱུ་མཚན་འདི་དག་གི་དབང་གིས།རྒྱལ་གཅེས་དཔའ་དཔའ་བོ་དཔའ་མོ་མང་པོ་ཞིག་ང་ཚོ་དང་ཁ་གྱེས་ནས་འགྲོ་དགོས་བྱུང་ཡོད་།རྒྱུ་མཚན་འདི་དག་གིས་ང་ཚོའི་བཀའ་ཤག་གཞུང་དང་མི་མང་སྟོང་ཕྲག་མང་པོ་རང་ས་རང་ཡུལ་དང་ཁ་བྲལ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་གནས་སྟངས་སྐྱོ་བོའི་ངང་ཁ་འཐོར་ནས་འདུག་དགོས་ཐུག་ཡོད།གནས་སྟངས་འདི་དག་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་ཡུལ་ཕོ་བྲང་དུ་གདན་འདྲེན་མ་ཐུབ་པར་བཙན་བྱོལ་ནང་བཞུགས་དགོས་བྱུང་ཡོད།རྒྱུ་མཚན་འདི་དག་གི་དབང་གིས་གཞིས་བྱིས་བོད་མི་རྣམས་སོ་སོའི་ནང་མི་དང་ལྷན་གཅིག་ཏུ་མཉམ་འཛོམས་བྱ་རྒྱུའི་གོ་སྐབས་ཡོངས་སུ་བྲལ་ཏེཕ་མ་དང་བུ་ཕྲུག་རྣམས་མ་ཤི་གསོན་བྲལ་གྱི་སྡུག་བསྔལ་མུ་མཐུད་མྱོང་དགོས་ཐུག་ཡོད།རྒྱུ་མཚན་འདིས་དབང་དབང་གིས།ང་ཚོས་བོད་ཀྱི་ལོ་སར་འདི་ནམ་རྒྱུན་ལྟར་དགའ་དགའ་སྤྲོ་སྤྲོའི་ངང་རོལ་ཐུབ་ཀྱིན་མེད་ཅིང་།ཞི་བདེ་བག་ཕེབས་ཀྱིས་ནང་མི་ལྷན་འཛོམས་ཤིག་འབྱུང་ཐུབ་ཀྱིན་མེད།དེ་བས་ང་ཚོས་ལོ་སར་ཚེས་གཅིན་ཉིན་འདིར་ལས་འགུལ་འདི་འདྲ་ཞིག་ཐབས་ཟད་འུ་ཐུག་གིས་སྤེལ་དགོས་བྱུང་ཡོད།

དེ་རིང་ང་ཚོ་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་ངོས་ནས།བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ནང་མི་སྤུན་མཆེད་དང་།བུ་ཕྲུག་བཟའ་ཟླ་སོགས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དང་།རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དུས་གཏན་དུ་ལོ་རྒྱུས་ཀྱི་བརྗེད་མི་སྲིད་པ་དང་།ལྷག་དོན་མི་རབས་ནས་མི་རབས་བར་བོད་ཀྱི་བདེན་དོན་འཐབ་རྩོད་ཀྱི་གསོན་ཤུགས་ཉམས་མི་སྲིད་པའི་བསྒྲགས་གཏམ་དུ་སྤེལ་བ་ཞིག་ཡིན།ཅེས་འཁོད་ཡོད་འདུག

གསར་འགོད་པ།ཙ་ཡུས་ཕུན་ཚོགས།

 
 

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com