IMG 8785ཡོ་རོབ་བོད་ཀྱི་དགེ་ལས་ལྷན་ཚོགས་སྐབས་གསུམ་པ་དེ། སྤྱི་ལོ་2015ལོའི་ཟླ་10བའི་ཚེས་3ཉིན་གྱི་དུས་ཚོད་ ༡༤་སྟེང་ཚོགས་འདུ་གཙོ་སྐྱོང་བས་ཚོགས་བཅར་འཚམས་འདྲི་དང་ལས་རིམ་སྙན་སྒྲོན་ཞུ་བ་དང་ཧྥ་རན་སིའི་བོད་རིགས་ཚོགས་པའི་སློབ་གྲྭའི་སློབ་ཕྲུག་ཚོས་བོད་རྒྱལ་ཁབ་ཆེན་པའི་རྒྱལ་གླུ་དང་བཅས་ཚོགས་འདུ་དབུ་འཛུགས་གནང་ཡོད་འདུག ཐེངས་འདིའི་ཚོགས་འདུ་དེར་ཧྥ་རན་སིར་བཅའ་སྡོད་བོད་ཀྱི་སྐུ་ཚབ་དོན་གཅོད་འབྲེལ་མཐུད་པ་སྐུ་ངོ་ཚེ་རིང་དོན་འགྲུབ་མཆོག་དང་།

ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་རི་བོ་ཆེ་ བསྟན་པ་མཆོག བོད་མི་དམངས་སྤྱི་འཐུས་ཟུར་བ་དང་། དགེ་རྒན་ཆེན་མོ་བ་ཆབ་བྲག་ལྷ་མོ་སྐྱབས་སོགས་ ཕེབས་ཡོད་འདུག ཆབ་བྲག་ལྷ་མོ་སྐྱབས་ཀྱིས་ཡོ་རོབ་དགེ་ལས་ཚོགས་ཆེན་གསུམ་པའི་ཐོག་ཁོང་གི་གཏམ་བཤད་ཀྱི་སྙིང་དོན་ནི།

༼ནུབ་གླིང་བོད་ཕྲུག་ཚོར་ཅིའི་ཕྱིར་བོད་སྐད་དང་བོད་ཡིག་སློབ་དགོས། ཅི་ཞིག་སློབ་དགོས། ཇི་ལྟར་སློབ་ དགོས། ནང་དོན་གནད་བསྡུས། ཀ༽ཅིའི་ཕྱིར་བོད་སྐད་དང་བོད་ཡིག་སློབ་པ། ༡༽བོད་སྐད་གོ་བརྡ་འཕྲོད་པ། ༢༽བོད་ཡིག་ལྟ་ཀློག་ཐུབ་པ། ༣༽ནང་དོན་ཅུང་གོ་བ་དང་འབྲི་ཤེས་པ། ཁ༽ཅི་ཞིག་སློབ་དགོས་པ། ༡༽ཕ་སྐད་ གང་ཐུབ་སློབ་པ། ༢༽བོད་ཡིག་ཀློག་འདོན་སློབ་པ། ༣༽ཉེར་མཁོའི་རྒྱུན་སྤྱོད་ཐ་སྙད་སློབ་པ། ༤༽གོ་བདེ་བའི་ ཡིག་སྐད་འབྲི་སྦྱོང་བཅས། ག༽ཇི་ལྟར་སློབ་ཚུལ། དང་པོ་བོད་སྐད་སློབ་ཚུལ། ༡༽ཕ་མ་མཉམ་དུ་ཕ་སྐད་ངེས་ པར་སྦྱོང་བ། ༢༽བོད་མིར་ཐུག་དུས་ངེས་པར་བོད་སྐད་ཤོད་པ། ༣༽གཟའ་འཁོར་རེར་བོད་སྐད་ཁོ་ནའི་འཛིན་ གྲྭ་ཐེངས་གཅིག་དགོས་པ། ༤༽བོད་སྐད་ཀྱི་འགུལ་རིས་དང་བརྙན་ཐུང་རིགས་ལ་ལྟ་འཇུག་པ་བཅས་ནི་བོད་སྐད་ སློབ་སྦྱོང་གི་ཐབས་ཚུལ་གཙོ་བོ་འགའ་ཡིན།

གཉིས་པ། བོད་ཡིག་སློབ་ཐབས་སྐོར། ༡༽ཐོག་མར་དབྱངས་ གསལ་ཀློག་འདོན་དང་ངོས་འཛིན། ༢༽སྔོན་རྗེས་མགོ་འདོགས་དང་བཅས་པའི་དབྱངས་གསལ་སྦྱོར་ཀློག་གོ་རིམ་ བཞིན་སློབ་པ། ༣༽ཉེར་མཁོའི་རྒྱུན་སྤྱོད་མིང་བརྡ་དག པར་རིས་ཐོག་ནས་ངོ་སྤྲོད་དང་གོ་བདེའི་བརྗོད་པ་ཐུང་ ངུས་ངེས་པར་འཇུག་པ། ༤༽གཞས་ཚིག་དང་ལྡེའུ། གཏམ་དཔེ་སོགས་རྩེད་མོའི་ལམ་ནས་སློབ་པ། ༥༽མུ་འབྲེལ་ རི་མོའི་སྒྲུང་ཐུང་རིགས་ལྟ་ཀློག་བྱེད་འཇུག་པ། ༦༽བོད་ཡིག་གི་ཚགས་པར་རིགས་ལྟ་ཀློག་རོགས་ཁྲིད་བཅས་ཤེས ཚད་དང་བསྟུན་ནས་སློབ་པ། ༧༽རྒྱལ་ཁབ་སོ་སོའི་སློབ་ཆུང་གི་སྐད་ཡིག་སློབ་དེབ་དག་ལས་སློབ་ཚན་གང་མང་ ཞིག་བོད་ཡིག་ལ་སྒྱུར་ནས་སྐད་ཡིག་གཉིས་ཀ་ཡར་རྒྱས་ཡོང་བར་གཞོགས་འདེགས་བྱེད་པ། ཅེས་ཡོ་རོབ་དགེ་ ལས་སྐད་འཕྲིན་ཚོགས་པ་ནང་བརྗོད་སོང་།

ཐེངས་འདིའི་ཚོགས་ཆེན་སྐབས་གསུམ་པའི་ཚོགས་འདུ་སྐབས། ཡོ་རོབ་ཁུལ་གྱི་འགན་འཛིན་དང་དགེ་རྒན་རྣམ་ པས་བོད་ཕྲུག་རྣམས་ཀྱི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་དང་། སློབ་སྦྱོང་དང་ཐབས་ལམ། སློབ་དེབ་དང་ ཐུན་མོང་གི་བསྒྲུབ་བྱ། དམིགས་འབེན་སོགས་ཀྱི་ཐད་བགྲོ་གླེང་ལྷུག་པོར་གནང་མཐར་ གྲོས་ཆོད་དོན་ཚན་བདུན་ཅན་ཞིག་གཏན་འབེབས་གནང་ཡོད་འདུག་པ།

༡༽བོད་གཞུང་ཤེས་རིག་ལྷན་ཁང་གིས་རྩོམ་སྒྲིག་གནང་བའི་སྔོན་འགྲོའི་སློབ་དེབ་ཁག་སྦེལ་ལྗམ་བོད་ཀྱི་ཆོས་རིགའཛིན་སྐྱོང་ཁང་གིས་དབུ་ཅན་དུ་བསྒྱུར་གནང་མཛད་པ་དེ་གཅིག་གྱུར་གྱིས་ཡོ་རོབ་ཁུལ་ཚང་མས་བེད་སྤྱོད་ གནང་རྒྱུ། ༢༽ས་གནས་ཁག་གི་གནས་ཡུལ་རྒྱལ་ཁབ་ཀྱི་བྱིས་པའི་སློབ་དེབ་སོགས་བོད་བསྒྱུར་ཞུ་རྒྱུར་སྤྱི་མོས་བྱུང་བ་ལྟར་། དེ་འབྲེལ་རྩོམ་སྒྲིག་ཚོགས་ཆུང་གསར་འཛུགས་གནང་སྟེ་ལས་དོན་རྒྱུན་འཁྱོངས་གནང་རྒྱུ། ཚོགས་ཆུང་ཚོགས་མི། ཧྥ་རན་སིའི་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་བ་ཐུབ་བསྟན་རྒྱ་མཚོ་ལགས། སྦེལ་ལྗམ་ཆོས་རིག་འཛིན་སྐྱོང་ཁང་གི་ཤེས་ཡོན་འགན་འཛིན་ལྷག་པ་ཚེ་རིང་ལགས། སུད་སིའི་བོད་སློབ་སྤྱི་ཁྱབ་འགན་འཛིན་འཆི་མེད་རྡོ་རྗེ་ལགས། སྦེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཞོན་བསོད་ནམས་ཉི་མ་ལགས། བོད་མི་དམངས་སྤྱི་འཐུས་ཟུར་བ་ཆབ་བྲག་ལྷ་མོ་སྐྱབས་ལགས། ས་གནས་གཞན་དག་ལ་འབྲེལ་བ་ཞུས་ནས་ཚོགས་མི་གསར་སྣོན་བྱ་རྒྱུ། ༣༽ལོ་རེའི་མཚམས་ཀྱི་ཡོ་རོབ་དགེ་ལས་ཚོགས་ཆེན་དང་སྟབས་བསྟུན་ནས་རྒྱལ་ཁབ་སོ་སོའི་ཕྲུ་གུ་གང་མང་ ལྷན་གཅིག་ཏུ་བསྐོངས་ཏེ་གཞས་སྣ་གཟིགས་འབུལ་དང་། ཕ་སྐད་འགྲན་བསྡུར་བྱས་ནས་སློབ་ཕྲུག་ལ་སེམས་ཤུགས འཕར་མ་སྐྱེ་བའི་ཐབས་ལམ་འཚོལ་རྒྱུ། ༤༽ཡོ་རོབ་དགེ་ལས་ཚོགས་ཆེན་སྐབས་བཞི་བ་དབྱིན་ཡུལ་ནས་འཚོགས་རྒྱུར་རེ་སྐུལ་ཞུས་པར་ཐོངས་མཆན་རགམིན་ལ་དཀའ་ངལ་འཕྲད་གཞི་ཆེ་བར་བརྟེན། གྲོས་མོལ་བྱས་མཐར་མང་མོས་ཐོག་སྦེལ་ལྗམ་བོད་རིགས་ཚོགས་ པས་གོ་སྒྲིག་ཞུ་རྒྱུར་གཏན་འཁེལ། ༥༽ཡོ་རོབ་ཁུལ་གྱི་སློབ་གྲྭ་ཁག་ཚང་མའི་ཡིག་རྒྱུགས་གཅིག་གྱུར་ཡོང་བར་ས་གནས་སོ་སོས་ཚོད་ལྟ་ངེས་པར་ བྱ་རྒྱུ། ༦༽སྐབས་གཉིས་པའི་གྲོས་ཆོད་དང་པོའི་ནང་གསེས་དྲུག་པར་གསལ་བ་ལྟར། སྐད་འཕྲིན་ཚོགས་པ་གསར་དུ་ བཟོས་ནས་ཡོ་རོབ་ཁུལ་གྱི་དགེ་རྒན་རྣམ་པས་སློབ་ཚན་ཅི་ཞིག་འཁྲིད་པ་དང་། ནང་སྦྱོང་གང་སྤྲད་པ་སྐད་འཕྲིན་ ཚོགས་པའི་ནང་གཏོང་རྒྱུ། དེ་ཡང་ས་གནས་ནས་ཕ་མ་དང་ཁྱིམ་ཚང་ལ་བཏང་ནས་སློབ་སྦྱོང་ལ་སྐུལ་མ་གཏོང་རྒྱུ། ༧༽ཡོ་རོབ་བོད་ཀྱི་དགེ་ལས་ཚོགས་ཆེན་སྐབས་གསུམ་པ་འདི་བརྒྱུད་ནས་རང་གཞུང་ཤེས་རིག་ལྷན་ཁང་ལ་མ་ འོངས་ཤེས་ཡོན་ཚོགས་ཆེན་ལ་མགྲོན་འབོད་ཡོང་བའི་རེ་སྐུལ་ཞུ་ཡིག་ཅིག་འབུལ་རྒྱུ། བཅས་གྲོས་ཆོད་གཏན་ འབེབས་གནང་བ་དང་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་འདུག

ཐེངས་འདིའི་གོ་སྒྲིག་ཞུས་མཁན་གྱི་མི་སྣ་དང་ཚོགས་འདུ་གཙོ་སྐྱོང་མཁན་སྙན་ངག་པ་འབའ་སྲས་སམ་ཧྥ་རན་ སིའི་བོད་དགེ་བསམ་གཏན་རྒྱ་མཚོ་ལགས་ཀྱིས་གསུང་བ་ལྟར་ན་སྐབས་འདིའི་ཚོགས་འདུ་ནང་ཡོ་རོབ་རྒྱལ་ ཁབ་སུད་སི་དང་ཧྥ་རན་སི། སྦེལ་ལྗམ་བཅས་ཀྱི་འགན་འཛིན་དང་དགེ་རྒན་མ་གཏོགས་ཕེབས་ཐུབ་མེད་ན་ ཡང་ཚོགས་འདུ་ཚགས་ཚུད་པོ་དང་གྲ་འགྲིག་འཐུས་སྒོ་ཚང་བ་ཞིག་བྱུང་ཅེས་ལན་འདེབས་གནང་སོང་། ཚོགས་འདུ་འདི་ཚོགས་དགོས་དོན་ནི་༧གོང་ས་མཆོག་གི་བཀའ་སློབ་དགོངས་དོན་སྙིང་ལ་བཅངས་ནས་གོ་སྒྲིག་ ཞུས་པའི་ཚོགས་འདུ་ཞིག་ཆགས་ཡོད་པ་དང་ལྷག་པར་དུ་༧གོང་ས་མཆོག་ཡོ་རོབ་ཁག་ནང་ཆིབས་བསྒྱུར་ བསྐྱངས་སྐབས་བོད་རིགས་རྣམས་ལ་བསྩལ་བའི་བཀའ་སློབ་གཙོ་བོ་ཞིག་བོད་ཕྲུག་ན་གཞོན་རྣམས་ཀྱིས་བོད་སྐད ལ་དོ་སྣང་དགོས་པ་དང་། ང་ཚོའི་རིགས་གཞུང་ལ་སྣང་མེད་དུ་མ་སོང་བར་དོ་སྣང་བྱེད་དགོས་པའི་བཀའ་སློབ་ ཕེབས་ཡོད་པ་སོགས་ལ་བརྟེན་ནས་དབུ་འཛུགས་གནང་བ་ཞིག་རེད་འདུག དེ་ཡང་ཡོ་རོབ་བོད་ཀྱི་དགེ་ལས་ལྷན་ཚོགས་འདི་བཞིན་ཐོག་དང་པོ་སྤྱི་ལོ་2013 ལོའི་ཟླ་4ཚེས་20ལ་སུད་སི་ རྒྱལ་ས་རྫུ་རིག་ཏུ་ཚོགས་ཡོད་པ་དང་། སྐབས་གཉིས་པ་སྤྱི་ལོ་2014ལོའི་ཟླ་5བའི་ཚེས་16་ལ་སྦེལ་ལྗམ་གྱི་ རྒྱལ་ས་སྦལ་སིལ་དུ་ཚོགས། སྐབས་གསུམ་པ་ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ལ་ཚོགས་ཡོད་པ་བཅས་ཀྱི་གནས་ཚུལ།

གསར་འགོད་པ་གངས་ལྷག་བསམ་ནས།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com