unnamed 16དེ་རིང་ཕྱི་ཟླ ༣ ཚེས་༡༨ ཉིན་སུད་སིའི་ས་གནས་དབུས་གཙང་ཆོལ་ཁ་དང་། མདོ་སྟོད། མདོ་སྨད་བཅས་ཆོལ་ཁ་གསུམ་གྱི་ཚོགས་པ་ཐུན་མོང་གིས་གོ་སྒྲིག་འོག་ས་གནས་རི་ཁོན་ནང་ཆོལ་གསུམ་ཐུན་མོང་གིས་བོད་རྒྱལ་ལོ་༢༡༤༤ ལོའི་ལོ་སར་མཉམ་རོལ་མཛད་སྒོ་རྒྱས་པ་ཞིག་གོ་སྒྲིག་གནང་ཡོད་འདུག

གོང་ཚེས་ཉིན་སུད་སི་ས་གནས་ཪི་ཁོནRikon ང་ཆོལ་གསུམ་ས་གནས་སྒྲིག་འཛུགས་ཐུན་མོང་གི་གོ་སྒྲིག་འོག་ཆོལ་གསུམ་མི་མང་མཉམ་འཛོམས་ཐོག་བོད་རྒྱལ་ལོ་༢༡༤༤ལོའི་ལོ་སར་གྱི་མཛད་སྒོ་རྒྱས་པ་ཞིག་གོ་སྒྲིག་གནང་ཡོད་འདུག་ལ།མཛད་སྒོའི་ཐོག་རི་ཁོན་ཆོས་འཁོར་དགོན་གྱི་དགེ་འདུན་པ་རྣམས་དང་།ཡུ་རོབ་སྤྱི་ཟུར་རྣམས་པ།སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མིང་གི་ཚོགས་གཙོ་སྦྲེལ་བོ།སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་མཆོག་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པས་གཙོས་ས་གནས་མི་མང་ལྔ་བརྒྱ་ལྷག་མཉམ་འཛོམས་ཐོག་ཆོལ་གསུམ་ཐུན་མོང་གི་ལོ་སར་དགོངས་ཚོགས་ལ་རོལ་ཡོད་འདུག

སུད་སི་ས་གནས་དབུས་གཙང་ཆོལ་བའི་ཚོགས་གཙོ་ལགས་ཀྱིས་ཆོལ་གསུམ་ཐུན་མོང་གི་ལོ་སར་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་ནང་། འདས་པའི་ལོ་རྒྱུས་ནང་ང་ཚོའི་བོད་ཀྱི་སྤྱི་ཚོགས་ནང་ཆོལ་ཁ་དང་ཆོས་ལུགས། ལུང་ཚན་སོགས་ཀྱི་བར་ལ་མཐུན་པོ་མ་བྱུང་བའི་ཐོག་དཀའ་ངལ་མང་པོ་ཕྲད་པའི་ལོ་རྒྱུས་ང་ཚོས་ཤེས་གསལ་རེད། ད་ལྟ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག་བོད་མི་ཚོས་གཅིག་སྒྲིལ་གནང་ཐུབ་དགོས་པ་དེ་རྩ་དོན་དང་ཐད་གར་འབྲེལ་བ་ཡོད་སྐོར་དང་། སུད་སིའི་ནང་ཆོལ་ཁ་གསུམ་གྱི་ས་གནས་སྒྲིག་འཛུགས་ཁག་གི་མཛད་གཙོ་སྔ་མ་རྣམས་དང་ད་ལྟའི་ཚོགས་གཙོ་རྣམ་པ་ཚང་མས་སྔ་ཕྱི་ཐེངས་མང་པོ་ཆོལ་གསུམ་གཅིག་སྒྲིལ་གྱི་ཐོག་ནས་ལས་ཀ་གནང་ཕྱོགས་ཐད་བཀའ་བསྡུར་རིམ་པ་གནང་ཡོད་སྐོར་དང་། ད་ལྟ་ང་ཚོའི་བོད་མི་ཚང་མས་གཅིག་གནང་དགོས་པ་འདི་ད་ལྟའི་བོད་ཀྱི་རྩ་དོན་གྱི་གནས་བབ་གང་ལ་བལྟས་ཀྱང་གལ་ཆེན་པོ་ཡིན་པ་ཚང་མས་ཤེས་དགོས་པ་དང་། ང་ཚོས་གཅིག་སྒྲིལ་གནང་ཐུབ་པ་ཡིན་ན་རྒྱ་ནག་ཇི་ལྟར་སྟོབས་ཆེན་པོ་ཡིན་ཀྱང་ང་ཚོར་ཅི་གང་བྱེད་ཐུབ་ཀྱི་མ་རེད། ཅེས་སོགས་སོགས་གསུངས་ཡོད་པ་དང་། ས་གནས་མདོ་སྟོད་ཆུ་སྒང་གི་ཚོགས་གཙོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་ནང་། ༢༠༡༢ ལོར་སུད་སིའི་ཆོལ་ཁ་གསུམ་གྱི་མཛད་གཙོ་རྣམས་ཀྱིས་ཆོལ་གསུམ་གཅིག་སྒྲིལ་ཐོག་ལས་ཁུར་མཉམ་རུབ་གནང་དགོས་པའི་གྲོས་ཆོད་དོན་ཚན་དྲུག་ཡོད་པ་མི་མང་ལ་བསྒྲགས་སྦྱོང་གནང་བ་དང་སྦྲགས། བོད་ནང་གི་བོད་མི་ཚོས་རྒྱ་ནག་གི་ཆབ་སྲིད་གནོན་ཤུགས་གང་ཡོད་ལ་མ་ལྟོས་པར་བོད་ཀྱི་ལོ་སར་དགོངས་ཚོགས་སོགས་ཀྱི་ནང་ཆོལ་གསུམ་གཅིག་སྒྲིལ་གྱི་རྣམ་པ་ཤུགས་ཆེན་པོ་སྟོན་ཐབས་གནང་གི་ཡོད་པ་དང་། དབུས་ཀྱི་གཞས་པ་གཞས་མ་དང་སྒྱུ་རྩལ་པ་སོགས་ཁམས་དང་ཨ་མདོ་ལ་ཕེབས། དེ་བཞིན་ཁམས་དང་ཨ་མདོའི་སྒྱུ་རྩལ་ཚོ་ཡང་དབུས་ཀྱི་ལོ་སར་དགོང་ཚོགས་སོགས་སུ་ཕེབས་ཏེ་ཆོལ་གསུམ་གཅིག་སྒྲིལ་གྱི་གནད་འགག་གསལ་བོ་སྟོན་ཐབས་གནང་གི་ཡོད་པ་སོགས་ལ་མིག་དཔེར་བལྟས་ནས། ང་ཚོས་ངོས་ནས་ཀྱང་ཆོལ་གསུམ་གཅིག་སྒྲིལ་གྱི་ལོ་སར་འདི་ལྟ་བུ་མུ་མཐུད་གཏོང་དགོས་ཀྱི་འདུག ཅེས་སོགས་གསུངས་སོང་། སུད་སི་ས་གནས་མདོ་སྨད་རྒྱུན་ལས་ཀྱི་ཚོགས་གཙོ་མཆོག་གིས་གཏམ་བཤད་ནང་། ང་ཚོས་དེ་རིང་འདིར་ཆོལ་ཁ་གསུམ་གྱི་རྒྱུན་ལས་སྐབས་སྔ་མ་ཚོ་སྐུ་མགྲོན་དུ་གདན་འདྲེན་ཞུས་ཡོད། རྒྱུ་མཚན་ཁོང་ཚོས་ཆོལ་གསུམ་དུས་ཆེན་སོགས་ཀྱིས་མཚོན་པའི་ཆོལ་གསུམ་མཐུན་སྒྲིལ་སྐོར་གྱི་ལས་འགུལ་ཞིག་གི་སྣེ་ཁྲིད་ཡོད་པ་རེད།  སྔོན་མ་ཡིན་ན་ལོ་ལྟར་ཆོལ་ཁ་སོ་སོ་ནས་ལོ་སར་གཏོང་གི་ཡོད་པ་རེད། ད་རེ་ང་ཚོས་ཆོལ་ཁ་གསུམ་གྱི་མཐུན་སྒྲིལ་གལ་ཆེན་པོ་དང་། བོད་པ་ཐུན་མོང་གི་རིག་གཞུང་འཕེལ་རྒྱས་གཏོང་རྒྱུ་དང་། ཆོལ་ཁ་གསུམ་གྱི་མི་མང་ཚང་མ་ངོ་ཤེས་གྲོགས་པོ་ཆགས་ཡ་སོགས་ལ་ཕན་པར་དམིགས་ནས་ལོ་སར་འདི་བཞིན་གོ་སྒྲིག་ཞུས་པ་རེད། ཅེས་སོགས་གསུང་སོང་།

ལོ་སར་མཛད་སྒོ་འདིའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་དང་། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཉིས་ཀྱི་བོད་མིའི་མཐུན་སྒྲིལ་དང་རྩ་དོན་སོགས་ཀྱི་སྐོར་ལ་བཀའ་སློབ་སོགས་གནང་ཡོད་འདུག ཐེངས་འདིའི་ཆོལ་གསུམ་ཐུན་མོང་གི་ལོ་སར་མཉམ་རོལ་མཛད་སྒོ་འདི་ནི་སུད་སིའི་ནང་ཆོལ་ཁ་གསུམ་གྱི་ལོ་སར་མཉམ་རོལ་གྱི་མཛད་སྒོ་ཐེངས་དང་པོ་དེ་ཡིན་འདུག

གསར་འགོད་པ།ཙ་ཡུས་ཕུན་ཚོགས།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com