unnamed 22དེ་རིང་ཚེས་༡༨ ཉིན་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་སུད་སི་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་ཞིས་ཅིན་ཕིང་ལ་ངོ་རྒོལ་བྱས་འདུག་པ་དང་། ངོ་རྒོལ་བྱེད་མཁན་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། གོང་ཚེས་ཉིན་ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་ཚོགས་མི་ཁག་ཅིག་གིས་ཞིས་ཅིན་ཕིང་ཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་སུ་ཕེབས་བཞིན་པ་ལྟར། ཁོང་ཚོས་བོད་རང་བཙན། ཞེ་ཐི་ལར་འཛིན་བཟུང་བྱོས། ཟེར་བ་སོགས་ཀྱི་འཕྲེད་དར་ཕྱར་ཏེ་རྒྱལ་ཚོགས་མདུན་དང་རྒྱལ་ཚོགས་ཀྱི་སྒོ་འགྲམ་སོགས་སུ་ངོ་རྒོལ་སྐད་འབོད་བྱས་འདུག་པ་དང་། ཁ་ཤས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒོ་རའི་ལྕགས་དྲ་བརྒལ་དེ་མཆོང་གྲབ་བྱས་པ་སོགས་བྱེད་བཞིན་པའི་སྐབས། ཉེན་རྟོགས་པ་མང་པོ་བཀག་འགོག་དང་འཛིན་བཟུང་། འཕྲེད་དར་སོགས་བཙན་འཕྲོག་བྱས་ཡོད་འདུག་པ་མ་ཟད།  འདི་གའི་གསར་འགོད་པ་བཀྲ་ཤིས་རྣམ་རྒྱལ་ལ་པར་དང་བརྙན་སོགས་བརྒྱབ་བཅུག་མེད་པ་མ་ཟད། པར་ཆས་སོགས་ལ་སྔོག་བཤེར་བྱས་ཏེ་བར་དང་བརྙན་ཁ་ཤས་བརྒྱབ་ཚར་ཡོད་པ་དག་བསུབ་བཅུག་ཡོད་འདུག

 

རྩ་བའི་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ངོས་ནས་ཟླ་གཅིག་ཙམ་གྱི་སྔོན་ནས་དེ་རིང་ཚེས་༡༨ ཉིན་ཞིས་ཅིང་ཕིང་རྒྱལ་ཚོགས་སུ་སླེབས་ཀྱིན་པའི་སྐབས་དང་བསྟུན་བོད་པ་ཚོར་ཞི་བའི་སྐད་འབོད་ལས་འགུལ་སྤེལ་ཆོག་པའི་ཆོག་ཐེངས་མང་ཞུས་ཀྱང་། སུད་སི་གཞུང་གི་ཉེན་རྟོག་པའི་ཆོག་མཆན་སྤྲད་མེད་པ་དང་། ཉེན་རྟོག་པས་འགྲེལ་བརྗོད་བྱས་པའི་ནང་ཉིན་དེར་དགའ་བསུ་བྱེད་མཁན་དང་ངོ་རྒོལ་བྱེད་མཁན་གང་ཡང་ཡིན་ཡང་སླེབས་ཆོག་གི་མེད། ཅེས་འགྲེལ་བརྗོད་བྱས་འདུག་ཀྱང་། དེ་རིང་རྒྱལ་ཚོགས་མདུན་དུ་རྒྱ་རིགས་བརྒྱ་ཕྲག་ཙམ་གྱིས་རྒྱ་ནག་གི་རྒྱལ་དར་ཕྱར་དེ་ཞིས་ཅིང་ཕིན་ལ་དགའ་བསུའི་ཕེབས་བསུ་བཅར་བཅུག་འདུག་པ་རྣམས་ལ་ཉེན་རྟོག་པས་བཀག་འགོག་བྱས་མི་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com