st.gallenསྤྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༧ ཉིན་སུད་སི་ས་གནས་སང་གྷ་ལིན་( St.Gallen) ཨན་ཀལ་འབུག་ཞེས་པའི་ས་གནས་སུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་དགུང་ལོ་བརྒྱད་བཅུར་ཕེབས་པའི་༧སྐུའི་གྱ་སྟོན་ཞིག་འདི་ག་ས་གནས་ཚོགས་ཆུང་གི་གོ་སྒྲིག་འོག་བརྩི་སྲུང་གནང་བ་དང་ཐོག་མར་རྒྱལ་བའི་མཐོང་གྲོལ་རིན་པོ་ཆེ་ས་འཐུས་དང་རྒྱུན་ལས་རྣམས་ནས་སྤོས་སྣེ་དང་བཅས་བཞུགས་ཁྲིའི་སྟེང་སྤྱན་འདྲེན་ཞུས།

དེའི་རྗེས་བོད་སློབ་དང་ཚོགས་ཆུང་ཟློས་གར་ནས་སྣེ་འཁྲིད་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་འབུལ་བཞེས་གནང་བ་དང་སྦྲགས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་གནང།  ༧གོང་ས་མཆོག་གི་མཛད་འཕྲིན་འཛམ་གླིང་ཀུན་ལ་ཁྱབ་པ་དང་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱི་གྲུབ་པའི་ཆེད་མི་མང་ནས་༧རྒྱལ་བའི་ཞབས་རྟེན་དང་བདེན་ཚིག་སྨོན་ལམ་གསུང་འདོན་ཞུས།དེའི་རྗེས་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་གནང་བ་དང་བོད་སློབ་ནས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་མཉམ་གཞས་གཟིགས་འབུལ་ཞུས།  དེ་ནས་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་རྟེན་འབྲེལ་དུ་ཕྱི་ལུགས་ལྟར་མི་མང་གིས་འཁྲུངས་སྐར་གྱི་གླུ་དབྱངས་དང་ཆབ་གཅིག་ཀེག་ ( cake) བཏུབ་ནས་མི་མང་ཚང་མར་འགྲེམས་སྤེལ་གནང།    གྱ་སྟོན་གྱི་མཛད་སྒོར་མི་མང་བཞི་བརྒྱ་ལྔ་བཅུ་ལྷག་ཙམ་མཉམ་བཞུགས་གནང་འདུག་པ་དང་དེ་ནི་ད་བར་འདུ་འཛོམས་ཆེ་ཤས་གྲས་ཤིག་ཡིན་འདུག།།  ས་འཐུས་ནས་སྐུ་མགྲོན་མི་མང་རྣམས་ལ་མཛའ་བརྩེའི་འཚམས་འདྲི་ཞུས་པ་དང་དེ་རིང་གི་མཛད་སྒོ་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གསུམ་གྱི་ཐོག་ནས་འགྲེལ་བརྗོད་གནང་སོང།ཐོག་མར་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་༧གོང་ས་མཆོག་གི་སྐུ་ངལ་འཛེམས་མེད་ཀྱི་ང་ཚོའི་བོད་ཀྱི་གནད་དོན་དང་ལྷག་པར་ཆགས་འཇིག་ཉག་འཕྲང་གི་དུས་དེར་མགོན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཁོ་ནའི་ད་ལྟའི་ང་ཚོའི་བོད་ཀྱི་གནས་བབས་འཛམ་གླིང་སྟེང་ཡོངས་ཁྱབ་ཏུ་ཆགས་པ་དང་ལྷག་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་ཕུགས་རྒྱང་རིང་པོར་སྲ་བརྟན་དང་ཡང་སྒོས་མང་གཙོའི་ལམ་ལུགས་གསོལ་རས་གནང་བ་བཅས་བཀའ་དྲིན་རྣམས་བོད་མི་ཡོད་དོ་ཅོག་ནས་ཡིད་ལ་བཅངས་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གལ་ཆེན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་པ་དང་དེ་ལྟར་མ་འོངས་སོན་རྩ་གཞོན་སྐྱེས་རྣམས་ལ་བཀའ་དྲིན་རྣམས་འགྲེལ་བཤད་དང་འཛུབ་སྟོན་བྱ་རྒྱུ་ང་ཚོའི་ལས་འགན་ཞིག་ཡིན་པས་དེ་ལྟར་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་གསུང། དོན་ཚན་གཉིས་པར་ད་ལྟའི་བོད་ཀྱི་གནས་བབས་གཉན་འཕྲང་ཆགས་འཇིག་ཞིག་གི་འོག་རྒྱ་དམར་གཞུང་ནས་བོད་ཀྱི་རིག་གཞུང་རྩ་གཏོར་དང་སྐད་ཡིག་ཉམས་ཆགས། ཁོར་ཡུག་གཏོར་བཅོམ། མི་རིགས་དབྱེ་འབྱེད་བཅས་ཆབ་སྲིད་ཀྱི་ངོ་བོའི་ཐོག་ནས་ང་ཚོའི་ཕ་ཡུལ་བོད་དེ་ཉིན་རེ་ནས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པས་དེར་བརྟེན་བྱེས་བཞུགས་སྤུན་ཟླ་རྣམས་ནས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བཅས་མི་ཉམས་རྒྱུན་འཛིན་དང་ཉམས་པ་གསོར་བཅུད་ཀྱིས་ང་ཚོའི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ཡིན་པ་སོང་ཙང་དེ་རིང་རྒན་གཞོན་བར་གསུམ་ནས་དཀའ་ངལ་ཁྱད་བསོད་ཀྱི་སྐད་ཡིག་དང་རིག་གཞུང་རྐང་བྲོ་གླུ་གཞས་སོགས་མི་རིགས་ཀྱི་མཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁག་འཁྲབ་སྟོན་ཐོག་མི་རབས་གཞོན་པ་རྣམས་ལ་བརྒྱུད་འཛིན་ཐུབ་ཐབས་སུ་ཡིན།དོན་ཚན་གསུམ་པར་དུས་ཚོད་བྲེལ་ཟིང་དབང་གིས་བོད་མི་ཕན་ཚུན་ཐུག་འཕྲད་དང་ངོ་སྤྲོད་ཧ་ཅང་དཀོན་པས་དེ་

stgallenལྟར་བོད་མི་དབར་ཕན་ཚུན་ངོ་ཤེས་དང་ལྷག་པར་གཞོན་སྐྱེས་རྣམས་ལ་ང་ཚོའི་རིག་གཞུང་དང་ལེགས་བྱང་ཁག་ངོ་སྤྲོད་བྱ་རྒྱུའི་སྡིང་ཆ་ཞིག་བསྐྲུན་རྒྱུ་ཤིན་ཏུ་གལ་ཆེ་བའི་དེ་ལྟར་རྒྱུད་འཛིན་ཐུབ་ཐབས་སུ་གོ་སྒྲིག་ཞུས་པ་ཡིན་སྐོར་མི་མང་ལ་འགྲེལ་བཤད་གནང།མཛད་སྒོའི་ནང་སང་གྷ་ལིན་ཟློས་གར་ཚོགས་པ་ནས་ཆོལ་གསུམ་བོད་ཀྱི་གཞས་སྣ་འཁྲབ་སྟོན་དང་རྒྱ་གར་གྱི་གཞས་ཞབས་བྲོ་གཟིགས་འབུལ་གནང། དམིགས་བསལ་གཞོན་སྐྱེས་ཁག་གཅིག་ནས་གསུང་གཞས་གནང་བ་བཅས་མི་མང་རྣམས་དགའ་སྤྲོའི་རྣམ་པས་ཁེངས་པ་མ་ཚད་གཞས་པ་དང་གཞས་མ་རྣམས་ལ་འདེངས་འཇོག་ཆེན་པོ་ཐོབ།

དམིགས་བསལ་གྱི་ལེ་ཚན་ཞིག་ནང་བོད་ཀྱི་ཆས་གོས་གྱོན་སྟངས་དང་རྩམ་པ་ཇི་ལྟར་བསྣལ་དགོས་མིན་བཅས་རིག་གཞུང་དང་འབྲེལ་བའི་སྐོར་ལ་རྩེད་མོ་ཞིག་གོ་སྒྲིག་ཞུས།གཞོན་སྐྱེས་ནི་ང་ཚོའི་སྲོག་རྩ་ཡིན་པས་དེ་ལྟར་སློབ་ཕྲུག་རྣམས་ལ་བོད་ཡིག་ཡིག་གཟུགས་འགྲན་བསྡུར་དང་ཕ་ཡུལ་བོད་དང་འབྲེལ་བའི་སྐོར་ལ་རི་མོ་འགྲན་བསྡུར་གནང་བ་བཅས་མི་མང་ནང་ནས་དགའ་བསུ་ཚད་མེད་ཐོབ།དེ་ནས་བོད་ཀྱི་ན་གཞོན་ཁག་ཞིག་ནས་ཡུན་རིང་ནས་དངས་བླངས་ཐོག་བོད་མི་གསར་དུ་འབྱོར་བ་རྣམས་ལ་འཇར་མན་སློབ་འཁྲིད་གནང་མཁན་ཚོར་དམིགས་བསལ་གྱི་ཐུགས་རྗེ་ལེགས་འབུལ་ཞུས་གནང།མཐར་བཀྲ་ཤིས་སྨོན་འདུན་ཆེད་རྔོན་པ་འཁྲབ་སྟོན་གྱི་མཛད་རིམ་ཁག་མཇུག་བསྒྲིལ་ཞུས།མཇུག་ཏུ་རྒྱུན་ལས་ཀྱི་སྐུ་འཚབ་ནས་དམིགས་བསལ་འཕྱར་བ་གྲུ་འདེགས་གནང་མཁན་རྣམས་དང་སྐུ་མགྲོན་མི་མང་ཚང་མར་ཐུགས་རྗེ་ཆེ་གནང་ཞུས་པ་དང་ཟློས་གར་འགན་འཛིན་ནས་སྣེ་འཁྲིད་ཀྱི་ཚང་མ་སྒོར་གཞས་ལ་རོལ་སོང།

གནས་ཚུལ་མཁོ་གཏོང་བ་ས་འཐུས་འཇམ་དབྱངས་ནས།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com