དོན་ཚན་དང་པོ།       གནས་ཡུལ། སུད་སི།

དོན་ཚན་གཉིས་པ།  སྒྲིག་གཞིའི་ཁྱབ་ཚད། སུད་སིའི་ས་གནས་ཁག་ཏུ་གནས་པའི་མདོ་སྨད་པ་ཡོངས་ལ་ཁྱབ་པ་ཡིན།

དོན་ཚན་གསུམ་པ། དམིགས་ཡུལ། བཙན་བྱོལ་བོད་གཞུང་དང་མདོ་སྨད་དབུས་རྒྱུན་ལས་ཀྱི་ལམ་སྟོན་འོག་ཤར་བསྐྱོད་བྱ་རྒྱུ་དང་། བོད་ཀྱི་རིག་གཞུང་སྤྱི་དང་།ཁྱད་པར་དུ་མདོ་སྨད་ཡུལ་གྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་སོགས་རྒན་རབས་རྣམས་ཀྱིས་མི་ཉམས་རྒྱུན་འཛིན་སྒོས་གཞོན་སྐྱེས་རྣམས་ལ་ངོ་སྤྲོད་གནང་རྒྱུ།

དོན་ཚན་བཞི་པ། ཚོགས་མིའི་ཡོང་ཁུངས། སུད་སིའི་ནང་གནས་པའི་མདོ་སྨད་པ་ཡོད་དོ་ཅོག

དོན་ཚན་ལྔ་པ།  ཚོགས་མིའི་ཐོབ་ཐང་དང་ལས་འགན། ཚོགས་ཆེན་ཐོག་ལས་དོན་གང་ཞིག་ཐག་གཅོད་དང་། རྒྱུན་ལས་འདེམས་བསྐོ་བྱ་རྒྱུའི་ཐོབ་ཐང་ཡོད། ཚོགས་མིས་མི་དམངས་ཀྱི་ལས་སྒོ་ཁག་ལ་ཕྱར་གྲུ་མཉན་འདེགས་བྱ་དགོས་པ་མ་ཟད། ལོ་རེ་ཚོགས་དངུལ་དུས་ཐོག་འབུལ་རྒྱུའི་འགན་ཡང་ཡོད། འོན་ཀྱང་རང་ལོ་བཅོ་བརྒྱད་མ་སོན་པར་འོས་བསྡུའི་ཐོབ་ཐང་མེད་ལ་ཚོགས་དངུལ་ཡང་འབུལ་མི་དགོས།

དོན་ཚན་དྲུག་པ། ལོ་འཁོར་ཚོགས་ཆེན་གྱི་ལས་འགན་དང་དབང་ཚད། སྒྲིག་གཞི་བསྐྱར་བཅོས། རྒྱུན་ལས་འདེམས་བསྐོ་དང་འཕོ་འགྱུར།རྩིས་ཁྲ་ཞིབ་བཤེར། ཚོགས་དངུལ་དང་རྒྱུན་ལས་ཀྱི་འགྲོ་གྲོན། ཚོགས་དངུལ་གང་གཏོང་མིན་སོགས་ཀྱི་ལས་དོན་ཐག་གཅོད་བྱ་ཆོག།

དོན་ཚན་བདུན་པ། རྒྱུན་ལས་གྲངས་གསུམ་ནས་ལྔ་བར་དང་། སློབ་སྟོན་པ་གཅིག་བཅས་འདེམས་བསྐོ་བྱ་རྒྱུ། རྒྱུན་ལས་དང་སློབ་སྟོན་པའི་དུས་ཡུན་ལོ་གསུམ་རེ་ཡིན།

དོན་ཚན་བརྒྱད་པ། རྒྱུན་ལས་ཀྱི་གྲུབ་ཆ། ཚོགས་ཆེན་ཐོག་འདེམས་ཐོན་བྱུང་བའི་ཚོགས་གཙོ་དང་ཚོགས་གཞོན། དངུལ་གཉེར་དང་རྩིས་པ་བཅས་ཡིན། རྒྱུན་ལས་ཀྱི་གྲངས་འབོར་གསུམ་ལས་མང་བ་འདེམས་ཐོན་མ་བྱུང་ཚེ། རྩིས་པ་དང་ཚོགས་གཞོན་གཅིག་ལྕོགས་ཀྱིས་འགན་བཞེས་དགོས།

དོན་ཚན་དགུ་པ།  རྒྱུན་ལས་གང་ཞིག་ལས་གནས་ནས་རྩ་དགོངས་ཞུ་དགོས་བྱུང་ཚེ། ཡིག་ཐོག་ནས་དགོངས་ཞུ་འབུལ་དགོས། འོན་ཀྱང་རྒྱུན་ལས་ཀྱི་ལས་ཚབ་བསྐོ་བཞག་མ་བྱས་པར་དུ་རྒྱུན་ལས་གཞན་རྣམས་ཀྱིས་ལས་འགན་ཅི་ལྕོགས་གནང་རྒྱུ།

དོན་ཚན་བཅུ་པ། རྒྱུན་ལས་གང་ཞིག་གིས་རང་ཉིད་ཀྱི་དབང་ཚད་ལས་བརྒལ་བ་དང་། བོད་སྤྱི་དང་ཁྱད་པར་དུ་མདོ་སྨད་མི་དམངས་ཀྱི་མཚན་སྙན་ལ་གནོད་པའི་ལས་གཞིའི་རིགས་སྤེལ་ཚེ། ལོ་འཁོར་ཚོགས་ཆེན་སྐབས་ངོ་ཡོད་མི་འབོར་སུམ་ཆ་གཉིས་ཀྱིས་ལས་མཚམས་འཇོག་དགོས་མིན་ཐག་གཅོད་གནང་རྒྱུ།

དོན་ཚན་བཅུ་གཅིག་པ། ཚོགས་གཙོའི་འགན་དབང་།

སྤྱི་ཚོགས་ཀྱི་ཁྲོད་མདོ་སྨད་ས་གནས་མི་དམངས་ཀྱི་ངོ་ཚབ་གནང་སྟེ་མཚན་རྟགས་བསྐྱོན་ཆོག་པ་མ་ཟད། གཏན་འབེབས་ཟིན་པའི་སྒྲིག་གཞི་གཞིར་བཟུང་གིས་ས་གནས་འདིའི་ལས་དོན་མཐའ་དག་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དང་། ལོ་འཁོར་ཚོགས་ཆེན་དང་།རྒྱུན་ལས་ཚོགས་འདུ།ཡང་ན་ཛ་དྲག་གི་ཚོགས་ཆེན་ནམ་ཞིག་འཚོགས་དགོས་བྱུང་ཚེ། ཚོགས་གཙོར་ཚོགས་འདུ་བསྡུ་བསྐོང་དང་གཙོ་སྐྱོང་གནང་རྒྱུའི་འགན་དབང་ཆ་ཚང་ཡོད།

དོན་ཚན་བཅུ་གཉིས་པ། ཚོགས་གཞོན་གྱི་ལས་འགན།

ཚོགས་གཞོན་གྱིས་ཚོགས་གཙོའི་ལས་དོན་མཐའ་དག་ལེགས་འགྲུབ་ཡོང་ཆེད་ལས་རོགས་དང་། ཚོགས་གཙོ་ས་གནས་སུ་བཞུགས་མེད་ཚེ་ཚོགས་གཙོའི་ལས་འགན་འཁུར་རྒྱུ།

དོན་ཚན་བཅུ་གསུམ་པ། དངུལ་གཉེར།

དངུལ་གཉེར་གྱིས་ལོ་རེའི་ཚོགས་དངུལ་བསྡུ་ལེན་དང་། ལོ་འཁོར་ཚོགས་ཆེན། གཞན་ཡང་འདུ་འཛོམས་ཁག་གི་འགྲོ་གྲོན་སོགས་རྩིས་ཁྲ་གསལ་བོར་ཐོ་འགོད་དང་སྐབས་སུ་བབ་པའི་གནས་ཚུལ་ཚོགས་གཙོར་ཞུ་དགོས།

དོན་ཚན་བཅུ་བཞི་པ། སྤྱི་དངུལ་གཏོང་ལེན།

ཀ༼   དུས་ཆེན་དང་འདུ་འཛོམས་ཆེ་ཁག་ལ་སུད་སྒོར་སུམ་བརྒྱ་ཐམ་པ་མན་གྱི་འགྲོ་གྲོན་ཚོགས་གཙོས་ཐག་གཅོད་གནང་ཆོག་པ་དང་། སུད་སྒོར་ལྔ་བརྒྱ་ཡན་གྱི་འགྲོ་གྲོན་རྒྱུན་ལས་མོས་མཐུན་ཐོག་ཐག་གཅོད་གནང་ཆོག།དེ་ལས་བརྒལ་ཚེ་ཚོགས་ཆེན་ཐོག་མི་དམངས་ཀྱི་ངོས་ནས་ཐག་གཅོད་གནང་དགོས།

ཁ༼    ཚོགས་གཙོ་དང་དངུལ་གཉེར་གཉིས་ཀྱི་མཚན་རྟགས་མེད་ཚེ་དངུལ་གང་འདོད་དུ་ལེན་མི་ཆོག གལ་ཏེ་ཚོགས་གཙོ་ས་གནས་སུ་བཞུགས་མེད་ཚེ་ཚོགས་གཙོའི་ཚབ་ཏུ་ཚོགས་གཞོན་གྱི་མཚན་རྟགས་ཀྱིས་འཐུས། དེ་ཡང་ཚོགས་གཙོའི་ཆོག་མཆན་ངེས་པར་དུ་དགོས།

དོན་ཚན་བཅོ་ལྔ་པ། སྤྱི་དངུལ་གྱི་ཡོང་ཁུངས།

ཚོགས་དངུལ་དང་། ཞལ་འདེབས། དུས་ཆེན་ཁག་ནས་བྱུང་བའི་ཁེ་བཟང་བཅས་ཡིན།

དོན་ཚན་བཅུ་དྲུག་པ། རྩིས་ཞིབ།

དངུལ་གཉེར་གྱིས་སྐབས་མཚམས་སོ་སོར་རྩིས་གསལ་བོར་ཚོགས་གཙོར་ཕུལ་རྗེས། ཚོགས་གཙོས་རྒྱུན་ལས་ལྷན་ཚོགས་བསྐོང་སྟེ་རྩིས་ཞིབ་གྲུབ་རྗེས་མང་ཚོགས་ལ་བཀྲམ་དགོས།

དོན་ཚན་བཅུ་བདུན་པ། འགྲིམ་འགྲུལ་དང་ཁ་པར།

ཀ༼་  ཚོགས་གཙོ་དང་རྒྱུན་ལས་སུ་ཡིན་རུང་གཞུང་དོན་དང་མདོ་སྨད་མི་དམངས་ཀྱི་ལས་དོན་ཆེད་ཕྱོགས་བསྐྱོད་སྐབས། མེ་འཁོར་དང་། འགྲུལ་བཞུད་རླངས་འཁོར་གྱི་དོད་ཕྱེད་འབབ་གཞིར་བཟུང་གིས་སྤྱི་དངུལ་ནས་གཏོང་ཆོག དེ་ཡང་ཕྱོགས་བསྐྱོད་འཛིན་བྱང་དངུལ་གཉེར་ལ་ངེས་པར་འབུལ་དགོས།

ཁ༼   ཚོགས་གཙོ་དང་ཚོགས་གཞོན་གཉིས་ཀྱི་སྤྱི་དོན་ཐོག་ལས་སྒོ་མང་ཙམ་གནང་དགོས་སྟབས། ཁ་པར་གྱི་དོད་ཁོང་གཉིས་ལ་ལོ་རེར་སུད་སྒོར་༧༥ རེ་སྤྱི་དངུལ་ནས་འབུལ་རྒྱུུ་ཡིན།

དོན་ཚན་བཅོ་བརྒྱད་པ། ལས་བསྡོམས།

རྒྱུས་ལས་ཀྱི་དུས་ཡུན་མ་རྫོགས་པའི་ཟླ་གཅིག་གི་གོང་དུ་ཚོགས་གཙོས་བཀོད་ཁྱབ་འོག་རྒྱུན་ལས་མ་ཡིན་པའི་རྩིས་ཞིབ་ཚོགས་ཆུང་ཞིག་ཟུར་འཛུགས་གནང་རྒྱུ། འོན་ཀྱང་རྩིས་ཞིབ་སྐབས་ཚོགས་གཙོས་ཐེ་གཏོགས་གནང་མི་ཆོག  རྩིས་ཞིབ་ཚོགས་ཆུང་གིས་རྩིས་ཞིབ་གྲུབ་རྗེས་རྩིས་ཁྲའི་དགེ་སྐྱོན་གསལ་འདོན་བྱ་རྒྱུ་དང་ལོ་གསུམ་རིང་གི་ལས་བསྡོམས་མི་དམངས་ལ་བཀྲམས་ཏེ་གསལ་བཤད་གནང་དགོས།

དོན་ཚན་བཅུ་དགུ་པ། སྒྲིག་གཞི་བསྐྱར་བཅོས།

ལོ་གསུམ་རེའི་མཚམས་སུ་སྒྲིག་གཞིར་བསྣོན་འཕྲི་བསྐྱར་བཅོས་དགོས་པའི་བསམ་ཚུལ་བྱུང་ཚེ་དེའི་ཐོག་བགྲོ་གླེང་གནང་སྟེ་མང་མོས་ཐག་གཅོད་བྱུང་རྗེས་སློབ་སྟོན་པ་དང་རྒྱུན་ལས་རྣམ་པའི་མཚན་རྟགས་གནང་རྒྱུ།

དོན་ཚན་ཉི་ཤུ་པ།

སུད་སིའི་མདོ་སྨད་མི་དམངས་ཀྱི་སྒྲིག་གཞི་འདི་ཉིད་ནུས་མེད་དུ་གྱུར་ཚེ་མ་དངུལ་ཚང་མ་མདོ་སྨད་དབུས་རྒྱུན་ལས་ལ་འབུལ་རྒྱུ་ཡིན།

དོན་ཚན་ཉེར་གཅིག་པ།

སྒྲིག་གཞི་འདི་མང་མོས་ཐག་གཅོད་བྱུང་རྗེས་སློབ་སྟོན་པ་དང་རྒྱུན་ལས་རྣམ་པའི་མཚན་རྟགས་བསྐྱོན་རྒྱུ། ཉིན་འདི་ནས་བཟུང་སྒྲིག་གཞི་འདི་གཏན་འབེབས་ཀྱིས་ལག་བསྟར་གནང་རྒྱུ་བཅས་སོ།།

སྤྱི་ལོ་༢༠༠༦ཟླ༦ ཚེས༤ ཉིན་ཚོགས་ཆེན་ཐོག་མང་མོས་ཐག་གཅོད་དང་གཏན་འབེབས་བྱུང་བ་ཡིན།

བྱིས་པའི་དགའ་ཚལ།

ཨ་ཁུ་སྟོན་པའི་གཏམ་རྒྱུད།
སྤྱང་གྲུང་ཅན་གྱི་དབྱི་ཤིའུ།
སྤྱང་གྲུང་ལྡན་པའི་ར་ཕྲུག
ཁྱིམ་ཚང་སློབ་གསོ།
བོད་ཡིག་སྦྱོང་འདོད་ཡོད་པའི་བྱིས་པ་ཚོའི་ཆེད་དུ་ཡིན།

བོད་གཞས་ཚན་པ།

ཐུགས་རྗེ་ཆེ། བཀའ་དྲིན་ཆེ།
སྐྱིད་པའི་ལྷན་འཛོམས། གནམ་མཚོ།
ཀླུ་མོ་འཚོ།
ཀ་ཁ་ག་ང་། ང་ཚོ་ཡི་ཡི་གེ
བརྩེ་ཆེན་དཔང་བསྟོད་ཆེན་མོ།
ཁུ་བྱུག་གི་བརྩེ་བ།
པི་ཝང་དཀར་པོ།

དམིགས་བསལ་ལེ་ཚན།

༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་དང་པོ།
༧སྐུའི་གྱི་སྟོན་གྱ་འོད་སྡེར་དང་པོའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་དང་པོའི་བཞི་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་དང་པོ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་གཉིས་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་འོད་སྡེར་གཉིས་པའི་གསུམ་པ།
༧སྐུའི་གྱ་སྟོན་གྱི་འོད་སྡེར་གཉིས་པའི་བཞི་པ།
འོད་སྡེར་གསུམ་པ། སྟོད་ཆ། དང་པོ།
འོད་སྡེར་གསུམ་པ། སྟོད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྟོད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྟོད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། དང་པོ།
འོད་སྡེར་གསུམ་པ། སྨད་ཆ། གཉིས་པ།
འོད་སྡེར་གསུམ་པ། སྨད་ཆ། གསུམ་པ།
འོད་སྡེར་གསུམ་པ། སྨད་ཆ། བཞི་པ།
འོད་སྡེར་གསུམ་པ། སྨད་ཆ། ལྔ་པ།
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྟོད་ཆ། ༣
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༡
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༢
འོད་སྡེར་བཞི་པ། གསེར་མདོག་གི་བཞུད་ལམ། སྨད་ཆ། ༣

www.swissamdo.com